སྤྱི་འཐུས་བསྟན་འཛིན་ཆོས་འཛིན་མཆོག་དང་སྤྱི་འཐུས་གྲྭའུ་ངག་དབང་བློ་གྲོས་མཆོག་རྣམ་གཉིས་སྡེ་ར་ལྡུན་ཁུལ་ལ་གཞུང་འབྲེལ་འཚམས་གཟིགས་ཕེབས་གཏན་ཁེལ་བ།


༄༅། ། སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་རྣམ་པས་མཛད་འཁུར་བཞེས་ཟིན་རྗེས། ཐོག་མར་མང་ཚོགས་ལ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་རྒྱུའི་ལས་རིམ་ཡོད་པ་ལྟར། སྤྱི་འཐུས་བསྟན་འཛིན་ཆོས་འཛིན་མཆོག་དང་སྤྱི་འཐུས་གྲྭའུ་ངག་དབང་བློ་གྲོས་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༢༦ ཟླ་ ༩ པའི་ཚེས་ ༢ ནས་ ༩ བར་རྒྱ་གར་བྱང་ཕྱོགས་སྡེ་ར་ལྡུན་ཁུལ་གྱི་བོད་མིའི་འདུ་སྡོད་ཁག་ལ་གཞུང་འབྲེལ་འཚམས་གཟིགས་ཕེབས་གཏན་ཁེལ་ཡོད།

དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ཕྱི་ཟླ་ ༩ པའི་ཚེས་ ༢ ཉིན་སྡེ་ར་ལྡུན་ལ་ཕེབས་འབྱོར་གནང་རྒྱུ་དང་། ཕྱི་ཚེས་ ༣ ཉིན་བདེ་སྐྱིད་གླིང་དང་། དགེ་འཕེལ་གླིང་། འབྲི་གུང་བཀའ་བརྒྱུད་དགོན་པ་བཅས་སུ་ལས་རིམ། ཕྱི་ཚེས་ ༤ ཉིན་མ་སུ་རི་བོད་ཁྱིམ་དང་སཾ་བྷོ་ཊ་སློབ་གྲྭ་གཉིས་སུ་ལས་རིམ། ཕྱི་ཚེས་ ༥ ཉིན་ས་སྐྱ་ཆོས་སྒར་དང་། ཚེ་རིང་དོན་ལྡན་གཞིས་ཆགས། རཇ་སྤུར་མཉམ་ལས་བཟོ་གྲྭ་དང་ཁ་འཐོར། སློབ་གྲྭ་བཅས་ལ་ལས་རིམ། ཕྱི་ཚེས་ ༦ ཉིན་སྡེ་ར་ལྡུན་ནས་ནེ་ནི་ཏལ་ས་གནས་སུ་ཕེབས་ཐོན་གྱིས་ཕྱི་ཚེས་ ༧ ཉིན་ས་གནས་སུ་ལས་རིམ། ཕྱི་ཚེས་ ༨ ཉིན་སྡེ་ར་ལྡུན་ལ་ཕྱིར་ཕེབས་དང་། ཕྱི་ཚེས་ ༩ ཉིན་དོན་འགྲུབ་གླིང་དང་། གླིང་ཚང་། དགོན་སྡེ་བཅས་སུ་ལས་རིམ་བསྐྱང་རྒྱུ་ཡིན་པ་བཅས།