སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་འཁེལ་བ།

 

སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག

༄༅། །སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམས་བོད་མིའི་འདུ་སྡོད་གཞིས་ཆགས་ཁག་ལ་ཕྱོགས་བསྐྱོད་ཕེབས་རྒྱུའི་ས་བགོས་ཡོད་པ་ལྟར། སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་ཕྱི་ལོ་ ༢༠༡༧ ལོའི་ཟླ་ ༡༡ ཚེས་ ༢༧ ནས་ཕྱི་ཟླ་ ༡༢ ཚེས་ ༡༥ བར་རྒྱ་གར་བྱང་ཕྱོགས་སྡེ་ར་ལྡུན་ས་གནས་འགོ་འཛིན་དང་། ལྡི་ལི་ས་གནས་འགོ་འཛིན་ཁྱབ་ཁོངས་བོད་མིའི་སུད་ཚོང་གཉེར་སའི་ས་གནས་ཁག་ལ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་འཁེལ་ཡོད།
དེ་ཡང་སྤྱི་འཐུས་མཆོག་ཕྱི་ཚེས་ ༢༧ ཉིན་ལྡི་ལི་ནས་མི་རཏ་བོད་མིའི་སུད་ཚོང་ཁྲོམ་སར་ཕེབས་ཐོན་གྱིས་ས་གནས་སུ་འབྱོར་མཚམས་ལས་རིམ་དང་། ཕྱི་ཚེས་ ༢༨ ནས་ ༣༠ བར་བོད་མིའི་སུད་ཚོང་གཉེར་སའི་ས་གནས་ནོཡེ་ཌ་དང་། མ་ཐུ་ར། ཨཀ་ར་བཅས་ལ་ལས་རིམ། ཕྱི་ཟླ་ ༡༢ ཚེས་ ༢ ནས་ ༡༥ བར་ལྡི་ལི་ས་འགོ་ཁྱབ་ཁོངས་ལྡི་ལི་བསམ་ཡས་གླིང་དང་། ལ་དྭགས་བྷོ་དྷི་བི་ཧར། ལ་ལི་ཀི་ལ། དེ་བཞིན་ཧ་རི་ཡ་ན། གྷུ་ཇུ་ར་ཏི་དང་། ར་ཇི་སི་ཐན་མངའ་སྡེ་བཅས་ནང་ཡོད་པའི་བོད་མིའི་སུད་ཚོང་གཉེར་ས་ཁག་ལ་མུ་མཐུད་ལས་རིམ་ཡོད་པ་བཅས་ཀྱི་གནས་ཚུལ་དུ། །