སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་བོད་མིའི་གནས་སྡོད་ཧར་པ་སྤུར་དང་། སྤོན་ཊོ། པུ་རུ་ཝ་ལ། ས་ཊོན། ཀུམ་རའོ་གཞིས་ཆགས་སུ་ཕྱོགས་ཕེབས་གནང་བ།

སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་བོད་མིའི་གནས་སྡོད་ཧར་པ་སྤུར་དང་། སྤོན་ཊོ།པུ་རུ་ཝ་ལ།ས་ཊོན། ཀུམ་རའོ་གཞིས་ཆགས་བཅས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་ཡོད།

དེ་ཡང་ཕྱི་ལོ་ ༢༠༡༤ ཟླ་ ཚེས་ ༢༢ དགོང་དྲོ་ལྡི་ལི་ནས་རྡོག་ཐོན་གྱིས། ཕྱི་ཚེས་ ༢༣ སྔ་དྲོ་ལྡེ་ར་ལྡུན་དུ་འབྱོར།  herberདེ་རྗེས་ཧར་པ་སྤུར་འདོད་རྒུ་གཡུལ་རྒྱལ་གླིང་གཞིས་ཆགས་ཀྱི་མི་མང་ལ་གསུང་བཤད་གནང་བ་དང་། ཉིན་རྒྱབ་ནས་གོང་དཀར་ཆོས་སྡེ་དགོན་པ་དང་། ཁེ་ར་གཞིས་གྲོང་དུ་གཟིགས་སྐོར་གནང་། དེ་རྗེས་ཧར་པ་སྤུར་དབུས་བོད་སློབ་འཛིན་ཚོགས་སློབ་གྲྭར་གཟིགས་་སྐོར་དང་སློབ་ཕྲུག་རྣམས་ལ་བཀའ་སློབ་གསུང་བཤད་གནང་ཡོད།

ཚེས་ ༢༤ ཉིན་སྔ་དྲོ་སྤོན་ཊ་ཆོལ་གསུམ་གཞིས་ཆགས་སུ་ཕེབས་ཏེ། དེའི་དགོན་པ་དང་། སྨན་རྩིས་ཁང་དུ་གཟིགས་སྐོར་དང་མི་མང་ལ་གསུང་བཤད་གནང་། ཉིན་རྒྱབ་པུ་རུ་ཝ་ལ་ས་སྐྱ་བོད་མིའི་གཞིས་ཆགས་སུ་ཕེབས་ཐོན་གྱིས། ས་སྐྱ་དགོན་པ་དང་། སམ་བྷོ་ཊ་གཞི་རིམ་སློབ་གྲྭར་གཟིགས་ཞིབ་དང་མི་མང་ལ་གསུང་བཤད་གནང་ཡོད།

ཚེས་ ༢༥ ཉིན་ས་ཊོན་ཁམས་ཀཿཐོག་བོད་མིའི་གཞིས་ཆགས་སུ་ཐོན་ཏེ་དེའི་མི་མང་ལ་བཀའ་སློབ་གནང་། ཉིན་རྒྱབ་ནས་ཀུམ་རའོ་གཞིས་ཆགས་སུ་ཕེབས་ཏེ་མི་མང་ལ་བཀའ་སློབ་ཟབ་རྒྱས་གནང་བ་དང་། དེ་རྗེས་སློབ་གྲྭ་དང་། སོ་ལན་གཞིས་ཆགས་དུད་ཁྱིམ་གསར་དུ་གཞིས་སྤོས་གནང་སར་གཟིགས་སྐོར་གནང་།puru

ཚེས་ ༢༦ ཉིན་སྔ་དྲོ་ཀུམ་རའོ་གཞིས་ཆགས་ཁོངས་ས་ཊོན་ལག་ཤེས་བསྟི་གནས་ས་ཁུལ་དུ་ཡོད་པའི་ཉམ་ཐག་དུད་ཁྱིམ་རྣམས་ཐུག་འཕྲད་ཀྱིས། གཞིས་ཆགས་འོག་ཡོད་པའི་ས་ཆར་གཟིགས་ཞིབ་གནང་། དེ་རྗེས་རཱཇ་བན་དུ་སྤོན་ཊ་ས་ཧིབ་ཉེ་འགྲམ་གྱི་སྒ་པ་བོད་མིའི་བདེ་དོན་ཚོགས་པའི་ས་ཆར་གཟིགས་སྐོར་ཞུས་པ་དང་། ཉིན་རྒྱབ་ནས་ལྡེ་ར་ལྡུན་དུ་ཕྱིར་ཕེབས་གནང་བ་བཅས་གཟིགས་བསྐོར་ལེགས་གྲུབ་ཀྱིས་ལས་བསྡོམས་ཕུལ་བ་བཅས་ནང་གསལ་སིམ་ལ་ཁུལ་དང་། གོང་གསལ་ས་ཁག་ནས་དཀའ་ངལ་གནས་ཚུལ་ཞུས་པ་ཁག་ཟུར་འདོན་གྱིས་འབྲེལ་ཡོད་ལས་ཁུངས་སོ་སོས་དཀའ་སེལ་གནང་ཐབས་སོགས་ཀྱི་ཆེད་འཛིན་སྐྱོང་བཀའ་ཤག་ཏུ་ཕུལ་ཡོད་པ་བཅས་ཀྱི་གནས་བསྡུས་སུ།