སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་དང། སྤྱི་འཐུས་འཇིགས་མེད་འབྱུང་གནས་མཆོག་རྣམ་གཉིས་ས་བགོས་ཕྱོགས་ཕེབས།

ཀུམ་རའོ་རུ་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་དང། སྤྱི་འཐུས་འཇིགས་མེད་འབྱུང་གནས་མཆོག་རྣམ་གཉིས་ས་བགོས་ཕྱོགས་ཕེབས་སྐབས།ཀུམ་རའོ་རུ་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་དང། སྤྱི་འཐུས་འཇིགས་མེད་འབྱུང་གནས་མཆོག་རྣམ་གཉིས་ས་བགོས་ཕྱོགས་ཕེབས་སྐབས།

དེ་ཡང་སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་རྣམ་པའི་ལོ་གཉིས་དང་ཕྱེད་ཀ་སྔ་མའི་ས་ཁོངས་ཆ་བགོས་ལྟར་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་དང་། སྤྱི་འཐུས་འཇིགས་མེད་འབྱུང་གནས་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༡ ནས་ཚེས་ ༡༧ བར་སིམ་ལ་དབྱངས་ཅན་དགའ་ཚལ་གླིང་དང་། བོན་གཞིས་ཐོབ་རྒྱལ་གསར་པ། སྤོན་ཊ་ཆོལ་གསུམ། ས་གཞིས་སྤུ་རུ་ཝ་ལ། ས་ཊོན་ཁམས་ཀཿཐོག ཀུམ་རའོ་སྒ་པ་གཞིས་ཆགས། ཧར་པ་སྤུར་འདོད་རྒུ་གཡུལ་རྒྱལ་གླིང་། སེ་ལ་ཀུའི་བོད་ཁྱིམ་དང་ལས་རིགས་སློབ་གཉེར་ཁང་། གླིང་ཚང་གཞིས་ཆགས་བཅས་སུ་ཕྱོགས་ཕེབས་གནང་སྟེ་གཞིས་ཁོངས་སོ་སོའི་སེར་སྐྱ་མང་ཚོགས་དང་། སློབ་ཕྲུག་བཅས་པར་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སོགས་བོད་དོན་ངོ་སྤྲོད་དང་། བཅའ་ཁྲིམས་དགོངས་དོན་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པའི་རྒྱབ་གཉེར་སྙན་ཐོ་ལག་བསྟར་གནང་ཕྱོགས་སྐོར། སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་ ༥ པའི་ལས་རིམ་སྐོར་སྙིང་དོན། རྩིས་ལོ་ ༢༠༡༣༌༌༌༡༤ ལོའི་སྔོན་རྩིས་སྤྱི་ཡོངས་ངོ་སྤྲོད། མཐོ་སློབ་སློབ་ཡོན་སྐོར་སོགས་ངོ་སྤྲོད། ལོ་སྔོན་མའི་ཕྱོགས་བསྐྱོད་ལས་བསྡོམས་ལ་བཀའ་ལན་ཇི་བྱུང་། བཙན་བྱོལ་བོད་མིའི་འགན་འཁྲི་ཁུར་ཕྱོགས་སྐོར་སོགས་གསུང་བཤད་དང་། ས་གནས་སོ་སོའི་ལས་གཞི་ཁག་ལ་རྟོག་ཞིབ། མི་མང་གི་བདེ་སྡུག་ཞུས་ཁག་ལ་དབུས་ས་སོ་སོ་ནས་ཕྱག་བསྟར་གནང་ཕྱོགས་དབྱེ་འབྱེད། དྲི་བ་ཁག་ལ་ལན་འདེབས་བཅས་གནང་རྗེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་འཛིན་སྐྱོང་བཀའ་ཤག་བཅས་ནས་ཕྱག་ལེན་གནང་དགོས་སོགས་འཁོད་པའི་ལས་བསྡོམས་སྙན་ཐོ་རྒྱུན་ལས་སུ་ཕུལ་འབྱོར་བྱུང་ཡོད་པ་བཅས་ཀྱི་གནས་བསྡུས་སུ།

སེ་ལ་ཀུའི་བོད་ཁྱིམ་དང་ལས་རིགས་སློབ་གཉེར་ཁང་། སེ་ལ་ཀུའི་བོད་ཁྱིམ་དང་ལས་རིགས་སློབ་གཉེར་ཁང་།