སྤྱི་འཐུས་དགེ་བཤེས་ག་ཟི་ཚེ་རིང་པོ་མཆོག་དང་། སྤྱི་འཐུས་འཇིགས་མེད་འབྱུང་གནས་མཆོག་རྣམ་གཉིས་ས་བགོས་ལྟར་ཇ་མུ་ཀ་ཤཱི་མིར་མངའ་སྡེའི་ཁྱབ་ཁོངས་བོད་མི་གནས་ཡུལ་ས་གནས་ཁག་གཅིག་ཏུ་ ༢༠༡༥ ཟླ་ ༤ ཚེས་ ༢༤ ནས་ཟླ་ ༥ ཚེས་ ༡༧ བར་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།

mmexport1432231808389བོད་མི་མང་སྤྱི་འཐུས་དགེ་བཤེས་ག་ཟི་ཚེ་རིང་པོ་མཆོག་དང་། སྤྱི་འཐུས་འཇིགས་མེད་འབྱུང་གནས་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༡༤ ནས་ཟླ་ ༥ ཚེས་ ༡༧ བར་ཇ་མུ་ཀ་ཤཱི་མིར་མངའ་སྡེའི་ཁྱབ་ཁོངས། ཤྲི་ན་གྷར་དང་། ལ་སླེ་རྒྱལ་ས། དགུག་ཡུལ།༼རྒོད་ཚང་།༽ བཀག་གཞུང་། ཧང་ལེ།༼ཝང་ལེ།༽ཉི་མ།༼ནུ་མ།༽ཆུ་མོར།༼ལ་མཚམས།༽ སུམ་མདོར། ས་སྨད་བཅས་བོད་མི་གནས་ཡུལ་ས་ཁག་ ༩ ལ་ཕྱོགས་ཕེབས་གནང་ཡོད་པ་རེད།
དེ་ཡང་ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༢༤ ཉིན་སྤྱི་འཐུས་ག་ཟི་དགེ་བཤེས་ཚེ་རིང་པོ་མཆོག་རྡ་ས་དང་། ཚེས་ ༢༣ ཉིན་སྤྱི་འཐུས་འཇིགས་མེད་འབྱུང་གནས་མཆོག་སྦེལ་ཀོབ་གཞིས་ཆགས་ནས་ཆེད་ཕེབས་ཀྱིས། ཚེས་ ༢༥ སྔ་དྲོ་ལྡི་ལི་རུ་འབྱོར། ཚེས་ ༢༦ ཉིན་རྒྱབ་ལྡི་ལི་གནམ་ཐང་ནས་ཐོན་ཏེ་ཕྱི་དྲོ་ཆུ་ཚོད་ ༤།༣༠ ཐོག་ཤྲཱི་རི་ན་གྷར་འབྱོར། ཚེས་ ༢༧ ཉིན་བོད་རིགས་ཁ་ཆེ་གཞོན་ནུ་ཚོགས་པའི་རྒྱུན་ལས་གཉིས་ནས་ཕེབས་བསུ་དང་སྦྲགས། ཤྲི་རི་ན་གྷར་བོད་རིགས་ཁ་ཆེ་སྡོད་གནས་གཞིས་ཆགས་སུ་ཕེབས་ནས་ཁ་ཆེ་སློབ་གྲྭའི་མདུན་ཐང་དུ། ཁ་ཆེ་གཞོན་ནུའི་ཚོགས་མི། དེ་སྔ་ས་གནས་རང་ཚོགས་ཀྱི་ཚོགས་མི། སློབ་གྲྭའི་དྲུང་ཆེ་ལྷན་ནས་ཕེབས་བསུ་ཞུས་གནང་། སྐབས་དེར་སྤྱི་འཐུས་རྣམ་གཉིས་ནས་ཕྱོགས་ཕེབས་དང་འབྲེལ་བའི་གསུང་བཤད་སྙིང་བསྡུས་གནང་། གཟིགས་བསྐོར་དང་ལྷན་སྤྱི་འཐུས་འཇིགས་མེད་འབྱུང་གནས་མཆོག་ནས་འཛིན་རིམ་བཅུ་པར་དབྱིན་སྐད་ཐོག་གསུང་བཤད་གནང་། mmexport1432204696040
ཚེས་ ༢༨ སྔ་དྲོ་ཆུ་ཚོད་ ༩ ཐོག་བོད་རིགས་ཁ་ཆེའི་གཞོན་ནུའི་ཚོགས་མི་གཉིས་དང་ལྷན་དུ་མེ་ཏོག་ལྡུམ་ར་ལ་ཕེབས་པ་དང་། ཕྱི་དྲོ་ཆུ་ཚོད ༣ ཐོག་ཤྲི་ན་གྷར་བོད་པ་སུད་ཚོང་བ་རྣམས་ཀྱི་འབྲེལ་འཐུད་པས་བསུ་བ་དང་བཅས་སྡོད་གནས་སུ་ཕེབས། སུད་ཚོང་མི་ཚང་བཅུ་གཉིས་ཡོད་པའི་ནང་མི་རྣམས་ལ་བཀུར་འོས་སྤྱི་འཐུས་རྣམ་གཉིས་ནས་གསུང་བཤད་དང་། ལམ་སྟོན་གནང་བ་མ་ཟད་ཁྲོམ་སར་རྟོག་ཞིབ་གནང་ཡོད་པ་རེད།
ཚེས་ ༢༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཤཱི་རི་ན་གྷར་གནམ་ཐང་ནས་ཐོན་ནས་སླེ་བ་ཀུ་ལ་རིན་པོ་ཆེའི་གནམ་ཐང་དུ་འབྱོར་སྐབས། ལ་དྭགས་གཞིས་སྤྱི་དོན་གྲུབ་བཀྲ་ཤིས་ལགས་དང་། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ། ས་གནས་ཁྲིམས་ཞིབ་པ། མང་སྤྲོ་དགོན་པའི་སློབ་དཔོན། ལམ་སྒྲོན་སློབ་གྲྭའི་ཆོས་དགེ་བཅས་ནས་ཕེབས་བསུ་དང་སྦྲགས། གཞིས་སྤྱི་ལས་ཁུངས་སུ་འབྱོར། ས་གནས་དེར་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་མཛད་གཙོ་རྣམ་པས་ཕེབས་བསུ་དང་བཅས་ས་འཐུས་ཚོགས་ཁང་ནང་སྔོན་འགྲོའི་མཛད་སྒོ་ཚོགས་གནང་།
mmexport1432232397777ཚེས་ ༣༠ ཉིན་སྔ་དྲོའི་ཆུ་ཚོད་ ༩ ཐོག་སླེ་བོད་ཁྱིམ་གཡུ་ལོར་ཕེབས་ཏེ་ཚོགས་འདུ་དང་ས་གནས་རང་ཚོགས་ལ་གཟིགས་བསྐོར་གནང་ཡོད་པ་དང་། རུ་ཐོག་དགོན་པའི་མཁན་པོའི་ཁྲི་འདོན་མཛད་སྒོར་མགྲོན་འབོད་ལྟར་ཕེབས། ཕྱི་དྲོ་ཆུ་ཚོད་ ༢ ནས་ ༥ བར་བཞུགས་མོལ་ཚོགས་འདུ་གནང་།
སྤྱི་ཟླ་ ༥ ཚེ ༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ནས་ ༡༢ བར་མི་མང་ཚོགས་ཆེན་ཚོགས་ཐོག་སྤྱི་འཐུས་དགེ་བཤེས་ག་ཟི་ཚེ་རིང་པོ་མཆོག་གིས་བོད་ནང་གི་ཛ་དྲག་ཇེ་ཆེའི་གནས་བབ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ལངས་ཕྱོགས། མང་གཙོའི་འཕེལ་རིམ། བོད་མི་མང་སྤྱི་ལྷན་སྐབས་ ༡༥ གྲོས་ཚོགས་ཚོགས་དུས་ ༩ པའི་ལས་རིམ་སྤྱི་ཡོངས་ངོ་སྤྲོད་ལ་སོགས་པའི་གསུང་བཤད་གནང་། སྤྱི་འཐུས་འཇིགས་མེད་འབྱུང་གནས་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། ཕྱི་ལོ་ ༢༠༡༥།༢༠༡༦ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་གནས་སྟངས། གཞིས་ཆགས་སྲ་བརྟན། མི་འབོར་འཕེལ་རྒྱས་སྐོར་སོགས་གསུང་བཤད་དང་། དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་།
ཚེས་ ༢ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ནས ༡༠ བར་དགོན་སྡེ་ཁག་ལ་གནས་མཇལ་ཕེབས་པ་དང་། ཉིན་དགུང་ཆུ་ཚོད་ ༡༡ ནས་ ༡༢ ཡུལ་མིའི་ལམ་སྒྲོན་སློབ་གྲྭས་མགྲོན་འབོད་ལྟར་སྤྱི་འཐུས་འཇིགས་མེད་འབྱུང་གནས་མཆོག་ནས། དབྱིན་སྐད་ཐོག་དགེ་སློབ་ཞལ་གྲངས་ ༡༠༦༣ ཙམ་ལ་གསུང་བཤད་གནང་། ཕྱི་དྲོ་ཆུ་ཚོད་ ༥ ནས་ ༧ བར་ལ་དྭགས་ནང་ཚོགས་དང་། དགོན་ཚོགས། གཞོན་ནུ་ཚོགས་པ། མང་སྤྲོ་དགོན་པ། བཙུན་དགོན་འཕྲིན་ལས་གླིང་བཅས་ཀྱི་ཚོགས་གཙོ་རྣམས་དང་མཇལ་འཕྲད་གནང་ཡོད་པ་མ་ཟད། མངའ་རིས་སྤྱི་མཐུན་ཚོགས་པས་མགྲོན་འབོད་ལྟར་དགོང་ཚིགས་སུ་ཕེབས། mmexport1432232299537
ཚེས་ ༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༣༠ ཐོག་ཕོ་བྲང་ཞི་བའི་ཚལ་ནས་ཐོན་ནས་དགུག་ཡུལ་འབྱོར།༼རྒོད་ཚང་ཡང་ཟེར།༽
ཚེས་ ༤ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ནས་ ༡༡ བར་མི་མང་ཚོགས་ཆེན་འཚོགས་གནང་ཡོད་པ་མ་ཟད། ཆུ་ཚོད་ ༡༡།༣༠ དགུག་ཡུལ་ནས་ཐོན་ཏེ་བཀག་གཞུང་དུ་འབྱོར། དེར་སླར་ཡང་མི་མང་ཚོགས་ཆེན་འཚོགས་གནང་།
ཚེས་ ༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་བཀག་གཞུང་ནས་ཧང་ལེ་རུ་ཐོན། ཕྱི་དྲོ་ཆུ་ཚོད་ ༢ ནས་ ༣།༣༠ བར་ཧང་ལེ་བོད་ཁྱིམ་ཡན་ལག་སློབ་གྲྭར་ཚོགས་འདུ་དང་རྟོག་ཞིབ་གནང་།
ཚེས་ ༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ནས་ ༡༡ བར་མི་མང་ཚོགས་ཆེན་དང་། ཉིན་རྒྱབ་ནས་ཧང་ལེ་ནས་ཉི་མ་རུ་ཐོན། སྐབས་དེར་ཆུ་ཚོད་གཉིས་རིང་མི་མང་ཚོགས་ཆེན་འཚོགས།
ཚེས་ ༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་ཉི་མ་ནས་ཆུ་མུར་ཐོན། ཚེས་ ༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧ ནས་ ༨ བར་མི་མང་ཚོགས་ཆེན་དང་། ཆུ་ཚོད་ ༩ ཐོག་ཆུ་མུར་ནས་སུམ་མདོར་ཐོན། སུམ་མདོར་མི་མང་ལྷན་དུ་ཚོགས་ཆེན་འཚོགས་ཡོད་པ་དང་། ཚེས་ ༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་སུམ་མདོ་ནས་ས་སྨད་དུ་ཐོན། སླར་ཡང་མི་མང་ལྷན་དུ་གོང་མཚུངས་ཚོགས་ཆེན་གནང་། ཕྱི་དྲོ་ཆུ་ཚོད་ ༤ ཐོག་ས་སྨད་ནས་ཐོན་ཏེ་སླེ་ཕོ་བྲང་གི་མགྲོན་ཁང་དུ་འབྱོར། ཚེས་ ༡༠ རེས་གཟའ་ཉི་མར་ངལ་གསོ་གནང་།
ཚེས་ ༡༡ ཉིན་ཨག་ལིང་གཞིས་གྲོང་ ༦།༧།༨།༩ བཅས་ཀྱི་ས་ཞིང་དེ་སྔ་ཆུས་ཁྱེར་བ་དང་། ཡུལ་མིས་ཧམ་བཟུང་བྱས་པ་རྣམས་ལ་རྟོག་ཞིབ་གནང་བ་མ་ཟད། དཀའ་སེལ་གནང་ཐབས་ཐོག་གོ་བསྡུར་མཐིལ་ཕྱིན་གནང་།
ཚེས་ ༡༢ ཉིན་ལ་དྭགས་མཉམ་འབྲེལ་འགན་འཛིན་ལྷན་ཚོགས་དང་ལྷན་དུ་ལས་དོན་བྱེད་ཕྱོགས་ཀྱི་ཐད་ལ་བཀའ་བསྡུར་ལམ་སྟོན་གནང་བ་དང་། ལ་དྭགས་བྱང་ཐང་ཆུ་ཤུལ་ནས་གནས་སྤོས་མི་མང་རྣམས་དང་ལྷན་ཚོགས་འདུ་དང་དོགས་འདྲི་ཁག་ལ་ལན་འདེབས་གསལ་བཤད་གནང་།
ཚེས་ ༡༣ ཉིན་ཕོ་བྲང་མགྲོན་ཁང་ནས་མཁའ་ལམ་བརྒྱུད་ལྡི་ལིར་འབྱོར་བ་དང་། ཚེས་ ༡༤ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༦ ཐོག་སྤྱི་འཐུས་འཇིགས་མེད་འབྱུང་གནས་མཆོག་མཁའ་ལམ་བརྒྱུད་ལྷོ་ཕྱོགས་དང་། སྤྱི་འཐུས་དགེ་བཤེས་ག་ཟི་རིང་པོ་མཆོག་ཚེས་ ༡༧ རེས་གཟའ་ཉི་མའི་དགོང་དྲོ་ལྡི་ལི་ནས་སྤྱི་སྤྱོད་རླང་འཁོར་བརྒྱུད་རང་གནས་རྡ་སར་ཕྱིར་ཕེབས་གནང་བ་བཅས་ཀྱི་གནས་ཚུལ་དུ།