སྤྱི་འཐུས་དཀོན་མཆོག་ཡར་འཕེལ་མཆོག་དང་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་མཆོག་རྣམ་གཉིས་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་འཁེལ་བ།

༄༅། །སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམས་བོད་མིའི་འདུ་སྡོད་གཞིས་ཆགས་ཁག་ལ་ཕྱོགས་བསྐྱོད་ཕེབས་རྒྱུའི་ས་བགོས་ཡོད་པ་ལྟར། སྤྱི་འཐུས་དཀོན་མཆོག་ཡར་འཕེལ་མཆོག་དང་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༡༧ ལོའི་ཟླ་ ༥ ཚེས་ ༢༧ ནས་ཟླ་ ༦ ཚེས་ ༧ བར་རྒྱ་གར་བྱང་ཤར་ས་ཁུལ་ཁྱབ་ཁོངས་བོད་མིའི་སྡོད་ཁར་ཁག་ལ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་འཁེལ་ཡོད།

དེ་ཡང་འདི་ཟླའི་ཚེས་ ༢༤ ཉིན་རྡ་ས་ནས་ལྡི་ལིར་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༢༥ ཉིན་ལྡི་ལི་ནས་གྷོ་ཧ་ཀྲི་རུ་ཕེབས་ཐོན་གྱིས་ཚེས་ ༢༦ ཉིན་བསྟན་འཛིན་སྒང་ལ་འབྱོར་འཕྲལ་ས་གནས་འགོ་འཛིན་དང་འབྲེལ་ལས་ཁག་གིས་སྣེ་ལེན་དང་སྦྲགས། ཕྱི་ཚེས་ ༢༧ ཉིན་བསྟན་འཛིན་སྒང་ས་གནས་སུ་ལས་རིམ་དང་། ཕྱི་ཚེས་ ༢༨ ནས་ཟླ་ ༦ པའི་ཚེས་ ༧ བར་འབུམ་སྡེ་ལ། རྟ་དབང་། རྡི་རང་། ཨི་ཊ་ན་གྷར། ཤེས་ལོངས་བཅས་ཀྱི་ས་གནས་ཁག་ཏུ་གཞུང་འབྲེལ་གཟིགས་བསྐོར་ཕེབས་རྒྱུ་ཡིན་པ་དང།

ཕྱི་ཟླ་ ༦ པའི་ཚེས་ ༨ ཉིན་ཤེས་ལོོངས་ནས་གྷོ་ཧ་ཀྲི་བརྒྱུད་ལྡི་ལིར་ཕྱིར་ཕེབས་གནང་རྒྱུ་དང་ཚེས་ ༡༠ ཉིན་ལྡི་ལི་ནས་རྡ་སར་ཕྱིར་ཕེབས་གནང་རྒྱུ་ཡིན་པའི་གནས་ཚུལ་དུ།