སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་མཆོག་དང་སྤྱི་འཐུས་མགོན་པོ་དོན་གྲུབ་མཆོག་རྣམ་གཉིས་ནས་ཤྲི་ན་སྒར་ཁུལ་ལ་གཞུང་འབྲེལ་འཚམས་གཟིགས་གནང་བ།

༄༅། །སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་རྣམ་པས་མཛད་འཁུར་བཞེས་ཟིན་རྗེས། ཐོག་མར་མང་ཚོགས་ལ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་རྒྱུའི་ལས་རིམ་ཡོད་པ་ལྟར། སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་མཆོག་དང་། སྤྱི་འཐུས་མགོན་པོ་དོན་གྲུབ་མཆོག་རྣམ་གཉིས་ནས་ཕྱི་ལོ་ ༢༠༢༦ ཟླ་ ༦ པའི་ཚེས་ ༢༣ ཉིན་ནས་ཤྲི་ན་སྒར་ཁུལ་ལ་གཞུང་འབྲེལ་འཚམས་གཟིགས་གནང་འགོ་བཙུགས་གནང་ཡོད་པ་རེད།


དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ཕྱི་ཟླ་ ༦ པའི་ཚེས་ ༢༢ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༦།༠༠ པའི་ཐོག་ཤྲི་ན་སྒར་ལ་ཕེབས་འབྱོར་མཚམས། ལ་སྤྱི་སྐུ་ངོ་བཀྲ་ཤིས་དོན་འགྲུབ་ལགས་དང་། ལས་བྱེད་བསྟན་འཛིན་བཀྲ་ཤིས་ལགས་རྣམ་གཉིས་ནས་སྣེ་ལེན་ཕེབས་བསུ་ཞུས།


ཕྱི་ཚེས་ ༢༣ ཉིན་ཤྲི་ན་སྒར་ས་གནས་བོད་པའི་སློབ་གྲྭ་ (Tibetan Public School) ཞེས་པའི་ནང་གཟིགས་སྐོར་གནང་སྟེ། དེ་གའི་སློབ་ཕྲུག་དང་དགེ་རྒན། ལས་བྱེད་རྣམས་དང་ལྷན་སློབ་གྲྭའི་གནས་སྟངས་དང་དཀའ་ངལ་ཐད་གང་ཐུབ་རྒྱུས་ལོན་གནང་ཡོད་འདུག་པ་བཅས།