སྤྱི་འཐུས་གེ་བ་ཚང་ངག་དབང་ཐར་པ་མཆོག་དང་སྤྱི་འཐུས་བློ་བཟང་གྲགས་པ་མཆོག་རྣམ་གཉིས་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་འཁེལ་བ།

༄༅། །སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམས་བོད་མིའི་འདུ་སྡོད་གཞིས་ཆགས་ཁག་ལ་ཕྱོགས་བསྐྱོད་ཕེབས་རྒྱུའི་ས་བགོས་ཡོད་པ་ལྟར། སྤྱི་འཐུས་གེ་བ་ཚང་ངག་དབང་ཐར་པ་མཆོག་དང་། སྤྱི་འཐུས་བློ་བཟང་གྲགས་པ་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༡༧ ཟླ་ ༥ པའི་ཚེས་ ༡༨ ནས་ ༢༧ བར་སྡེ་ར་ལྡུན་ས་གནས་འགོ་འཛིན་ཁྱབ་ཁོངས་བོད་མིའི་སྡོད་སྒར་ཁག་ལ་གཟིགས་བསྐོར་ཕྱོགས་བསྐྱོད་གནང་གཏན་འཁེལ་ཡོད།

དེ་ཡང་འདི་ཟླའི་ཚེས་ ༡༧ ཉིན་གྱི་ཕྱི་དྲོ་རྡ་ས་ནས་ཕེབས་ཐོན་གྱིས་ཚེས་ ༡༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༦།༠༠ ཐོག་སྡེ་ར་ལྡུན་ས་གནས་འགོ་འཛིན་ཁྱབ་ཁོངས་བདེ་སྐྱིད་གླིང་ལ་འབྱོར་འཕྲལ་ས་གནས་འགོ་འཛིན་དང་འབྲེལ་ལས་ཁག་གིས་སྣེ་ལེན་དང་སྦྲགས། ཕྱི་ཚེས་ ༡༨ ནས་ ༡༩ བར་ས་གནས་སུ་ལས་རིམ་དང་། ཕྱི་ཚེས་ ༡༩ ནས་ ༢༧ བར་མ་སུ་རི་སློབ་གྲྭ་ཁག་དང་། རཱ་ཇ་སྤུར་བོད་ཁྱིམ་སློབ་གྲྭ། ཚེ་རིང་དོན་ལྡན་གཞིས་ཆགས། དོན་གྲུབ་གླིང་གཞིས་ཆགས། ས་ཧཱ་རན་སྤུར།  རི་ཤི་ཀི་ཤི་གྷོ་ར་མ་ཕི་བོད་ཁྱིམ་སློབ་གྲྭ། ནེ་ནི་ཏཱལ་བཅས་སུ་ཉིན་རེའི་ལས་རིམ་ལྟར་གཞུང་འབྲེལ་གཟིགས་བསྐོར་ཕེབས་རྒྱུ་ཡིན་པ་དང་། ཟླ་ ༥ ཚེས་ ༢༧ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༦།༣༠ ཐོག་བདེ་སྐྱིད་གླིང་ནས་བཞུགས་སྒར་རྡ་སར་ཕེབས་ཐོན་གནང་རྒྱུ་བཅས་ཀྱི་གནས་ཚུལ་དུ། །