སྤྱི་འཐུས་གདོང་འདུས་སྐྱིད་མཛོམས་མཆོག་མང་ཚོགས་ལ་འཚམས་གཟིགས་སུ་ཕེབས་འཆར།

སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམ་པ་བོད་མིའི་གནས་ཡུལ་ཁག་ཏུ་འཚམས་གཟིགས་སུ་རིམ་ཕེབས་གནང་བཞིན་པ་ལྟར། ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༣ དང་ ༤ ཉིན་སོ་སོར་རིམ་པ་བཞིན་ཨོ་སེ་ཀྲེ་ལི་ཡའི་གྲོང་ཁྱེར་ Sydney དང་། རྒྱལ་ས། Canberra ཁུལ་གནས་སྡོད་བོད་མི་རྣམས་ལ་འཚམས་འདྲི་དང་འབྲེལ་གསུང་བཤད་སོགས་གནང་རྒྱུའི་ཐུགས་གཏན་འཁེལ་ཡོད་པ་བཞིན། མང་ཚོགས་འདུ་འཛོམས་ཀྱི་འགྲོ་གྲོན་སོགས་ལ་ཁུལ་དེའི་བོད་རིགས་ཚོགས་པ་ཁག་ནས་མཐུན་འགྱུར་གནང་རྒྱུ་ཡིན་འདུག