སྤྱི་འཐུས་གཉིས་ལས་འཁུར་དམ་འབུལ།

༄༅། །བོད་མི་མང་སྤྱི་འཐུས་ཚེ་རིང་གཡུ་སྒྲོན་མཆོག་ཁོང་ཨ་རི་མཐོ་རིམ་སློབ་ཐོན་གྱི་ཕྱག་འཁྱེར་གནང་རྒྱུའི་མཛད་སྒོར་ཞུགས་སླད་ཨ་རིར་ཕེབས་དགོས་བྱུང་སྟབས། ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༢༩ ཉིན་དམ་འབུལ་ཞུས་མ་ཐུབ་པ་དང་། བོད་མི་མང་སྤྱི་འཐུས་ཤར་གླིང་བསྟན་འཛིན་ཟླ་སྒྲོན་མཆོག་བཀའ་ཤག་སྐབས་ ༡༥ པའི་བཀའ་བློན་དུ་བསྐོ་འདེམས་བྱུང་བའི་ཚབ་ཏུ་དབུས་གཙང་སྤྱི་འཐུས་ཀྱི་སྒུག་ཐོ་དང་པོ་བསྟན་འཛིན་འཇམ་དབྱངས་ལགས་དབུས་གཙང་སྤྱི་འཐུས་སུ་འདེམས་ཐོན་བྱུང་བ་བཅས་ཁོང་གཉིས་ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༢ སྔ་དྲོ་ཆུ་ཚོད་ ༨་༣༠ ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་ཁང་ནང་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གི་མདུན་དུ་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས་ཡོད་པ་རེད།།

IMG_1144
སྐབས་ ༡༦ པའི་སྤྱི་འཐུསདམ་འབུལ་ཞུས་བཞིན་པ།
IMG_1147
སྐབས་ ༡༦ པའི་སྤྱི་འཐུསདམ་འབུལ་ཞུས་བཞིན་པ།