སྤྱི་འཐུས་ཀརྨ་དགེ་ལེགས་མཆོག་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་འཁེལ་བ།

སྤྱི་འཐུས་ཀརྨ་དགེ་ལེགས་མཆོག

༄༅། །སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམས་བོད་མིའི་འདུ་སྡོད་གཞིས་ཆགས་ཁག་ལ་ཕྱོགས་བསྐྱོད་ཕེབས་རྒྱུའི་ས་བགོས་ཡོད་པ་ལྟར། སྤྱི་འཐུས་ཀརྨ་དགེ་ལེགས་མཆོག་ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༩ ནས་ ༢༦ བར་རྒྱ་གར་བྱང་ཤར་ན་ག་ལན་ཌི་མངའ་སྡེའི་ནང་གི་བོད་མིའི་ཚོང་ལས་གཉེར་ས་རྡི་མ་པུར་དང་། ཀོ་ཧི་མ་ས་གནས་དང་། དེ་བཞིན་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་རྟེན་གཞི་བྱས་པའི་བོད་མིའི་གཞིས་ཆགས་ཏི་ཛུ་དར་རྒྱས་གླིང་དང་། ཀྲུ་ཀྲིང་། མེའི་ཆོས་འཕེལ་གླིང་བཅས་ལ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་འཁེལ་ཡོད།

དེ་ཡང་སྤྱི་འཐུས་མཆོག་ཕྱི་ཚེས་ ༩ ཉིན་ནག་པུར་ནས་རྡི་མ་པུར་ལ་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༡༠ ནས་ ༡༡ བར་རྡི་མ་པུར་དང་། ཀོ་ཧི་མ་ས་གནས་སུ་ལས་རིམ། དེ་རྗེས་ཕྱི་ཚེས་ ༡༢ ནས་ ༢༦ བར་གོང་འཁོད་ས་གནས་གཞན་རྣམས་ལ་མུ་མཐུད་ལས་རིམ། ཕྱི་ཚེས་ ༢༦ ཉིན་ནག་པུར་དུ་ཕེབས་འབྱོར་གནང་རྒྱུ་ཡིན་པ་བཅས་ཀྱི་གནས་ཚུལ་དུ། །