སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་བལ་ཡུལ་རྡོར་པ་ཊན་ནོར་འཛིན་གླིང་དང། སྤོག་ར་ཁུལ་གྱི་བོད་མིའི་གཞིས་ཆགས་ཁག་ལ་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།

སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་བལ་ཡུལ་རྡོར་པ་ཊན་ནོར་འཛིན་གླིང་དང། སྤོག་ར་ཁུལ་གྱི་བོད་མིའི་གཞིས་ཆགས་ཁག་ལ་གཞུང་འབྲེལ་ཕྱོགས་ཕེབས་གནང་བའི་འདྲ་པར།སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་བལ་ཡུལ་རྡོར་པ་ཊན་ནོར་འཛིན་གླིང་དང། སྤོག་ར་ཁུལ་གྱི་བོད་མིའི་གཞིས་ཆགས་ཁག་ལ་གཞུང་འབྲེལ་ཕྱོགས་ཕེབས་གནང་བའི་འདྲ་པར།སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་བལ་ཡུལ་རྡོར་པ་ཊན་ནོར་འཛིན་གླིང་དང། སྤོག་ར་ཁུལ་གྱི་བོད་མིའི་གཞིས་ཆགས་ཁག་ལ་གཞུང་འབྲེལ་ཕྱོགས་ཕེབས་གནང་བའི་འདྲ་པར།སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་བལ་ཡུལ་རྡོར་པ་ཊན་ནོར་འཛིན་གླིང་དང། སྤོག་ར་ཁུལ་གྱི་བོད་མིའི་གཞིས་ཆགས་ཁག་ལ་གཞུང་འབྲེལ་ཕྱོགས་ཕེབས་གནང་བའི་འདྲ་པར།

དེ་ཡང་ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༨ ཉིན་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་རྡ་ས་ནས་ཕེབས་ཐོན་གནང་སྟེ། སྤོག་རར་འབྱོར་རྗེས་ས་གནས་འགོ་འཛིན་གསུམ་མཉམ་ལས་འཆར་ཐོག་གོ་བསྡུར་གནང་བ་དང་། ཕྱི་ཚེས་ ༡༤ ཉིན་རྡོར་པ་ཊན་ནོར་འཛིན་གླིང་གཞིས་ཆགས་སུ་ཕེབས་ཏེ་མི་མང་གི་ཁྱིམ་ཚང་སོ་སོར་གཟིགས་ཞིབ་གནང་བར་མ་ཟད། མང་ཚོགས་ལ་གསུང་བཤད་གནང་ཡོད།  དེ་རྗེས་གློ་ཚེ་རོགས་གཞིས་ཆགས་དང། མ་ནང་ཁུལ་བོད་མིར་གཟིགས་སྐོར་སླད་ཕེབས་འཆར་ཡང་། ས་གནས་དཔོན་རིགས་ནས་བཀའ་འཁྲོལ་མ་ཐོབ། སྤོག་རར་བྱམས་པ་གླིང་དང། དཔལ་འབྱོར་གླིང། བཀྲིས་སྒང། བཀྲིས་གླིང། བཀྲིས་དཔལ་འཁྱིལ་བཅས་ཀྱི་གཞིས་ཆགས་སོོ་སོར་མང་ཚོགས་ཚོགས་འདུ་བསྡུ་བསྐོང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་སྐོར་དང། ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་འབྲེལ་བའི་ཉེ་ལམ་གྲོས་ཚོགས་ཀྱི་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་དང། ༸གོང་ས་མཆོག་ཐུགས་ཕམ་གྱི་ཚབ་ཆེའི་གནས་ཚུལ་དང་འབྲེལ་བའི་གྲོས་ཚོགས་ཀྱི་གཞུང་འབྲེལ་སྤྱི་མོས་གྲོས་ཆོད་ཡིག་ཆ། བཀའ་བློན་ཁྲི་པའི་ཐ་སྙད་སྲིད་སྐྱོང་དུ་བསྒྱུར་བའི་བཅའ་ཁྲིམས་བསྐྱར་བཅོས་སོགས་ཀྱི་སྐོར་ལ་གསུང་བཤད་གནང་བར་མ་ཟད། གཞིས་ཆགས་ཁག་གསུམ་གྱི་ས་འགོས་གཙོས་ས་འཐུས་དང། རང་བདེན་ཚོགས་ཆུང་། དགོན་པའི་སྐུ་ཚབ་དང།  སློབ་གྲྭའི་དབུ་འཛིན་དང་དགེ་ལས། སྤྱི་མི་བརྒྱ་དཔོན་དང། ས་གནས་གཞོན་ནུ་དང་བུད་མེད་སོགས་ལས་ཀྱི་སྣེ་མོ་བ་ཚང་འཛོམས་ཐོག་བཞུགས་མོལ་ཚོགས་འདུ་བསྐོང་ཚོགས་གནང་སྟེ། དོན་གནད་གཙོ་བོ་ནང་སྲིད་བཀའ་བློན་མཆོག་ནས་དམིགས་བསལ་བལ་ཡུལ་ནང་གི་ས་འགོ་ཚོར་གཞིས་ཆགས་སྲ་བརྟན་དང། འཚོ་རྟེན་ཡར་རྒྱས་སླད་འཆར་གཞི་ཇི་ཡོད་བཟོ་འབུལ་དགོས་པའི་བཀའ་ནན་ཐེངས་གཉིས་ཕེབས་པར། དེའི་ཐོག་ལས་འཆར་བཟོ་འགོད་ཟིན་པ་དང། བཟོ་འཆར་ཐད་ལ་གྲོས་བསྡུར་དང་ལམ་སྟོན་གནང་ཡོད་པ་དང། དེ་བཞིན་གོང་གསལ་སྤྱི་འཐུས་མཆོག་གིས་ཟླ་བཞི་སྔོན་ས་གནས་སུ་བཅར་སྐབས་མི་མང་ནས་དཀའ་སེལ་ཞུས་རིགས་རྣམས་འབྲེལ་ཡོད་སྲིད་སྐྱོང་མཆོག་དང། ནང་སྲིད་དང་འཕྲོད་བསྟེན་གྱི་བཀའ་བློན་ལ་ཇི་ཞུས་ཇི་ཕེབས་དང། གྲོས་ཚོགས་ཚོགས་དུས་བཞི་པའི་སྐབས་སུ་གླེང་སློང་གནང་ཚུལ། ཁྱད་པར་དུ་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་བཅས་ཀྱི་སྐོར་ལ་གསལ་བཤད་གནང་ཡོད་པར་མ་ཟད། བཀྲིས་གླིང་ས་འགོ་བརྒྱུད་ཕ་རན་སི་ནས་ཡིན་པའི་བོད་པའི་གློག་བརྙན་བཟོ་མཁན་ཚན་པ་ཞིག་གིས་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་། བལ་ཡུལ་ནང་རྒྱ་ནག་གཞུང་གི་ཤུགས་གནོན་གྱི་རྐྱེན་པས་བོད་མི་ཚོར་འཕྲད་བཞིན་པའི་དཀའ་ངལ་ལ་བཅའ་འདྲི་གནང་བར་ལན་འདེབས་གནང་བ་སོགས་ཀྱི་ལས་དོན་ལེགས་གྲུབ་དང། སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ས་གནས་སུ་ཕེབས་སྐབས་མི་མང་ནས་བདེ་སྡུག་དཀའ་སེལ་ཞུས་རིགས་སྤྱི་དང། གཟིགས་ཚུལ་ཇི་བྱུང་རྣམས་ལས་བསྡོམས་སྙན་ཐོའི་ནང་ཞིབ་འགོད་ཀྱིས་སྤྱི་འཐུས་རྒྱུན་ལས་སུ་སྙན་སེང་དང་སྦྲགས་འབྲེལ་ཡོད་ལྷན་ཁང་སོ་སོར་འབུལ་ལམ་ཞུ་རྒྱུ་ཡིན་པ་རེད།