སྒྲིག་གསལ་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་རྩིས་ཁྲར་རྩིས་ཞིབ།

 

DSC04111༄༅། །བཙན་བྱོལ་བོད་མིའི་གཞུང་དངུལ་འདུ་འགོད་དང། ལོ་འཁོར་སྔོན་རྩིས། དངུལ་རྩིས་སྟངས་འཛིན་བཅས་ཀྱི་སྒྲིག་གཞི་དོན་ཚན་ ༡༠ པའི་ནང་གསེས་ ༢ པའི་དགོངས་དོན་བཞིན། སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་རྩིས་ཁྲར་རྩིས་ཞིབ་བྱེད་པོའི་ཚོགས་ཆུང་ཞིག་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་བསྐོ་འཛུགས་གནང་དོན་བཞིན། ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་ཟླ་བ་ཚེ་རིང་མཆོག་དང། ཚོགས་ཆུང་གི་ཚོགས་དྲུང་དུ་བདེ་སྲུང་དྲུང་ལས་ལྷ་དབང་རྒྱལ་པོ་ལགས། ཚོགས་མིར་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་ལས་སྐལ་བཟང་ལྷུན་གྲུབ་ལགས་བཅས་སུ་ངེས་ཏེ་ཚོགས་ཆུང་ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༡༦ ཉིན་ཚུགས་ཏེ་ཚོགས་མི་མི་རེ་ངོ་རེས་ཕྱག་ལས་གནང་ཕྱོགས་ཀྱིས་ལས་བགོས་གནང་ཡོད་ཅིང། དེ་རིང་ཕྱི་ཚེས་ ༡༢ ཉིན་སླར་ཡང་ལྷན་ཚོགས་ཀྱིས་བཀའ་བསྡུར་དང་རྩིས་ཞིབ་གནང་སྒོ་གནང་བ་མ་ཟད། ད་མུ་མཐུད་གནང་རྒྱུ་ཡིན་པ་རེད། ད་རེས་ཚོགས་ཆུང་འདིས་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་རྩིས་ལོ་ ༢༠༡༤་་༡༥ ལོའི་རྩིས་ཁྲ་ཁག་ལ་རྩིས་ཞིབ་གནང་གི་ཡོད་པ་རེད།         སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ནས་ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༡༢ ལ།།