སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་དང་སྤྱི་འཐུས་པདྨ་མཚོ་མཆོག་རྣམ་གཉིས་རྒྱ་གར་ལྷོ་ཕྱོགས་ས་གནས་ཁག་བཞིར་འཚམས་གཟིགས་ཕེབས་གཏན་ཁེལ་བ།

༄༅། ། སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་རྣམ་པས་མཛད་འཁུར་བཞེས་ཟིན་རྗེས། ཐོག་མར་མང་ཚོགས་ལ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་རྒྱུའི་ལས་རིམ་ཡོད་པ་ལྟར། སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་དང་། སྤྱི་འཐུས་པདྨ་མཚོ་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༢༢ ཟླ་ ༡ ཚེས་ ༤ ནས་ ༡༨ བར་རྒྱ་གར་ལྷོ་ཕྱོགས་ཀོ་ལི་གྷལ་དོན་ལྡན་གླིང་གཞིས་ཆགས་དང་། ཨུ་ཀྲི།(ooty) ཀོ་ཌེ་ཀ་ནལ་(Kodaikanal) ཀོ་ཧིམ་བྷ་ཏོར་ (Coimbatore) བཅས་ས་གནས་ཁག་བཞིར་གཞུང་འབྲེལ་འཚམས་གཟིགས་ཕེབས་གཏན་ཁེལ་ཡོད།

དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ཕྱི་ཚེས་ ༣ ཉིན་བཞུགས་སྒར་རྡ་ས་ནས་རྒྱལ་ས་ལྡི་ལིར་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༥ ཉིན་ལྡི་ལི་ནས་སྦེང་ལོར་ལ་ཕེབས་ཐོན་གནང་རྒྱུ། ཕྱི་ཚེས་ ༦ ཉིན་སྦེང་ལོར་ནས་ཀོ་ལི་གྷལ་དོན་ལྡན་གླིང་གཞིས་ཆགས་སུ་ཕེབས་ཐོན་གནང་སྟེ། ཕྱི་ཚེས་ ༧ ནས་ ༩ བར་ས་གནས་སུ་ལས་རིམ།  ཕྱི་ཚེས་ ༡༡ ནས་ ༡༢ བར་ཨུ་ཀྲི་ (Ooty) ཁུལ་ལ་ལས་རིམ། ཕྱི་ཚེས་ ༡༤ ཉིན་ཀོ་ཌེ་ཀ་ནལ་ (Kodaikanal) ཁུལ་ལ་ལས་རིམ། ཕྱི་ཚེས་ ༡༥ ཉིན་ཀོ་ཧིམ་བྷ་ཏོར་ (Coimbatore) ཁུལ་ལ་ཕེབས་ཐོན་གནང་རྒྱུ། ཕྱི་ཚེས་ ༡༦ ཉིན་ཀོ་ཧིམ་བྷ་ཏོར་ནས་ལྡི་ལིར་ཕྱིར་ཕེབས་གནང་རྒྱུ་དང་། ཕྱི་ཚེས་ ༡༨ ཉིན་ལྡི་ལི་ནས་བཞུགས་སྒར་རྡ་སར་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས། །