སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་ ༦ པའི་ཉིན་ ༢ པའི་ལས་རིམ་སྙིང་བསྡུས།

ཕྱི་ལོ་ ༢༠༡༣།༩།༡༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩:༣༠ ཀའི་ཐོག་གྲོས་ཚོགས་དབུ་འཛུགས་ཀྱིས་སྐར་རྟགས་ཅན་གྱི་དྲི་བ་ཁག་དང་། དེ་བཞིན་འཕྲོས་དོན་དྲི་བ་ཁག་ལ་བཀའ་ཤག་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རེ་རེ་བཞིན་ལན་འདེབས་གསལ་བཤད་གནང་ཡོད་པ་རེད། དེ་རྗེས་འཛིན་སྐྱོང་བཀའ་ཤག་ལ་སྤྱི་འཐུས་སྒེར་གྱིས་ཐུགས་སྣང་གཞེན་སྐུལ་བྱུང་རིགས་སྙན་སྒྲོན་དང་སྦྲགས། དེའི་གསལ་ནན་འགྲེལ་བརྗོད་དང་བཅས་པ་ཞུས།

གཞན་ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༥ པའི་ལས་བསྡོམས་དང་སྙན་ཐོ་འཕྲོས་སྐྱོང་གིས་སྙན་སྒྲོན་ཡོངས་སུ་གྲུབ་པ་ཞུས་གནང་ཡོད། དེ་རྗེས་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་སྤྱི་ཡོངས་ཀྱི་གསལ་བཤད་མདོར་བསྡུས་ཤིག་ཡིག་ཐོག་འཁོད་པ་དེ་ཉིད་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ལྗགས་སྒྲོན་གནང་། དེ་མིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གང་ཉིད་ཐུགས་ཕམ་བྱུང་སྐོར་དང་འབྲེལ་གཞུང་འབྲེལ་གྲོས་འཆར་གྲོས་ཆོད་ཀྱི་གྲོས་ཆོད་དོན་ཚན་ཁག་གསུམ་གྱི་སྟེང་ལས་རིམ་ལ་བགྲོ་གླེང་ཟབ་རྒྱས་གནང་ཡོད་པ་བཅས་ཀྱི་གནས་སྙིང་དུ།