སྐབས་ ༡༥ པའི་གྲོས་ཚོགས་ཚོགས་འདུས་ ༡༠ པ་ཕྱི་ལོ་ ༢༠༡༥།༩།༡༥ ནས་ ༢༥ བར་འཚོགས་བཞིན་པའི་ལས་ཉིན་བཞི་པར་ལས་རིམ་བསྐྱངས་པ་སྙིང་བསྡུས།

DSC04418  ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༡༨ ཉིན་སྔ་དྲོ་ཕྱག་ཚོད་ ༩།༣༠ ཡི་ཐོག་དཔལ་ལྡན་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ནས་གྲོས་ཚོགས་དབུ་འཛུགས་ཐོག་ཡིག་ཆ་ཨང་ ༨ པ། སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༨ པའི་གཞུང་འབྲེལ་གྲོས་ཆོད་ཨང་ ༢༠༡༤།༡༥།༨།༤ ཡིག་ཆ་ཨང་ ༢༩ པའི་དགོངས་དོན། ཤེས་ཡོན་ཚོགས་ཆུང་གི་སྙན་ཐོ་སྙན་སྒྲོན་ཟིན་པར་ཕྱི་ཉིན་ལས་དོན་འདིའི་ཐད་མུ་མཐུད་བགྲོ་གླེང་སྤྱི་འཐུས་ ༢༣ གྱི་ཆ་ཤེས་བཞེས་ཏེ་དྲི་བ་དང་དགོངས་ཚུལ་གསུངས་པར་དཔལ་ལྡན་ཤེས་རིག་བཀའ་བློན་མཆོག་ནས་ལན་འདེབས་གསལ་བཤད་གནང་།

ཆུ་ཚོད་ ༡༡།༢༠ ཐོག་གྲོས་ཚོགས་ནང་།DSC04421 རྒྱ་གར་སྐུ་མགྲོན་ (Gandhi Peace Foundation) ཚོགས་པའི་ཚོགས་གཙོ་ Sushri Radha Bhatt གཙོས་པའི་ལས་བྱེད་པ་ ༤ ཕེབས་ཡོད་པ་དང། སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཕེབས་བསུ་དང་སྦྲགས་ཁོང་རྣམ་པའི་ངོ་སྤྲོད་རེ་རེ་བཞིན་གནང་སྟེ་གྲོས་ཚོགས་ཚོགས་མི་ཡོངས་ནས་དགའ་བསུ་ཞུས་གནང་།

DSC04424ལས་ཉིན་འདིའི་སྔོན་ཆོས་རིག་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༡༤ ་་་ ༡༥ ལོའི་ལས་བསྡོམས་སྙིང་བསྡུས་དང་། དེའི་ལས་བསྡོམས་རྒྱས་པར་སྤྱི་འཐུས་རྒྱུན་ལས་ཀྱིས་ཞིབ་འཇུག་གནང་བའི་སྙན་ཐོ་སྙན་སྒྲོན་གནང་ཟིན་པར་དཔལ་ལྡན་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་ནས། ཆོས་རིག་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་ཡོངས་བགྲོ་གླེང་སྐབས་སྤྱི་འཐུས་ ༣ གྱིས་ཆ་ཤས་བཞེས་ཏེ་དྲི་བ་དང་དགོངས་ཚུལ་གསུངས་པར་དཔལ་ལྡན་ཆོས་རིག་བཀའ་བློན་མཆོག་གིས་ལན་འདེབས་གསལ་བཤད་གནང་།

DSC04428ཉིན་འདིའི་ལས་རིམ་ ༣ པ། ནང་སྲིད་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༡༣ ་་་ ༡༤ ལོའི་ལས་བསྡོམས་སྙིང་བསྡུས། དཔལ་ལྡན་ནང་སྲིད་བཀའ་བློན་མཆོག་གིས་སྙན་སྒྲོན་གནང་བ་དང་། དེའི་ལས་བསྡོམས་རྒྱས་པར་སྤྱི་འཐུས་རྒྱུན་ལས་ཀྱིས་ཞིབ་འཇུག་གནང་བའི་སྙན་ཐོ་སྤྱི་འཐུས་བློ་བཟང་ཡེ་ཤེས་མཆོག་གིས་སྙན་སྒྲོན་གནང་། སྙན་སྒྲོན་ཟིན་པའི་ལས་བསྡོམས་དང་སྙན་ཐོ་གཉིས་ཀྱི་ཐད་སྤྱི་ཡོངས་བགྲོ་གླེང་དགོས་པའི་གྲོས་འཆར་སྤྱི་འཐུས་བློ་བཟང་ཡེ་ཤེས་མཆོག་ནས་བཏོན་གནང་བ་དང་། སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་སྒྲགས་མཆོག་གིས་དེ་ལ་རྒྱབ་སྐྱོར་གནང་བར་དཔལ་ལྡན་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ནས། སྤྱི་འཐུས་རྒྱུན་ལས་ཀྱིས་ནང་སྲིད་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་རྒྱས་པར་ཞིབ་འཇུག་གནང་བའི་སྙན་ཐོ་ནང་གསལ་དྲི་བ་ཁག་ལ་ལན་འདེབས་གནང་བ་བཅས་ཀྱི་ལས་རིམ་སྙིང་བསྡུས་སུ།།