སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་ ༩ པ་ཕྱི་ལོ་ ༢༠༡༥།༣།༡༦ ནས་ ༢༨ བར་འཚོགས་བཞིན་པའི་ལས་ཉིན་དགུ་པར་ལས་རིམ་བསྐྱངས་པ་སྙིང་བསྡུས།

1ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༢༥ ཉིན་སྔ་དྲོ་ཕྱག་ཚོད་ ༩།༣༠ ཡི་ཐོག་དཔལ་ལྡན་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ནས་གྲོས་ཚོགས་དབུ་འཛུགས་ཐོག་སྤྱི་འཐུས་འཇིགས་མེད་འབྱུང་གནས་མཆོག་གིས་སྐར་རྟགས་ཅན་གྱི་དྲི་བ་ཨང་ ༡༤ པ་དྲིས་གནང་བར་དཔལ་ལྡན་ནང་སྲིད་བཀའ་བློན་མཆོག་ནས་ལན་འདེབས་གནང་བ་དང་། དེ་འབྲེལ་སྤྱི་འཐུས་ ༣ གྱིས་འཕྲོས་དོན་དྲི་བ་གནང་བ་ཁག་སོ་སོར་དཔལ་ལྡན་ནང་སྲིད་བཀའ་བློན་མཆོག་གིས་ལན་འདེབས་གསལ་བཤད་གནང་།

སྤྱི་འཐུས་འཇིགས་མེད་འབྱུང་གནས་མཆོག་གིས་སྐར་རྟགས་ཅན་གྱི་དྲི་བ་ཨང་ ༡༥ པ་དྲིས་གནང་བར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དེ་ལ་ལན་འདེབས་གནང་བ་དང་། དེ་འབྲེལ་སྤྱི་འཐུས་ ༨ ཀྱིས་འཕྲོས་དོན་དྲི་བ་གནང་བ་ཁག་སོ་སོར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ལན་འདེབས་གསལ་བཤད་གནང་།2

ཁྲིམས་སྒྲིག་བསྐྱར་བཅོས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་གཞུང་འབྲེལ་ཁྲིམས་འཆར་གྱི་ཡིག་ཆ་ཨང་ ༡༨ པ་བརྗོད་པ་དང་པོ་ཟིན།

སྤྱི་འཐུས་པདྨ་འབྱུང་གནས་མཆོག་གིས་ཡིག་ཆ་ཨང་ ༤༧ པ་གཞུང་འབྲེལ་གྲོས་འཆར་སྙན་སྒྲོན་གནང་བ་དང་། དེ་ལ་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་གིས་རྒྱབ་སྐྱོར་གནང་།

3སྤྱི་འཐུས་ཀརྨ་ཆོས་འཕེལ་མཆོག་གིས་སྦེལ་ཀོབ་འཚོ་བྱེད་སྨན་ཁང་གི་རྙོག་གླེང་དང་འབྲེལ་བའི་གནད་དོན་ཐོག་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་མཆོག་གི་ལས་དོན་བྱེད་ཕྱོགས་ཐད། བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་ཞིབ་འཇུག་ཚོགས་ཆུང་གི་སྙན་ཐོ་སྙན་སྒྲོན་གནང་བ་དང་སྦྲགས་དེའི་ཐོག་ལ་བགྲོ་གླེང་སྤྱི་འཐུས་ ༡༤ ཡིས་ཆ་ཤས་བཞེས་ཏེ་བགྲོ་གླེང་ལྷུག་པོར་གནང་།

དེ་རྗེས་ལས་ཁུངས་གོ་རིམ་བཞིན་སྔོན་རྩིས་ཐོག་བགྲོ་གླེང་དང་བཅས་ཤེས་རིག་ལས་ཁུངས་དང་། 4ནང་སྲིད་ལས་ཁུངས་ཀྱི་སྔོན་རྩིས་གཏན་འབེབས་དང་བགྲོ་གླེང་གནང་བ་བཅས་ཀྱི་ལས་ཉིན་དགུ་པར་གྲོས་ཚོགས་སུ་ལས་རིམ་བསྐྱངས་པའི་གནས་བསྡུས་སུ།།