ལྡི་ལི་ FNF ཡན་ལག་གི་ལས་འཆར་འགན་འཛིན་ Nupur Hasija ལགས་སྤྱི་ལྷན་དུ་ཕེབས་པ།

IMG_7428ཕྱི་ལོ ༢༠༡༧ ཟླ་ ༢ ཚེས་ ༢༠ ཉིན་ལྡི་ལི་ FNF ཡན་ལག་ནས་ཡིན་པའི་ལས་འཆར་འགན་འཛིན་ Nupur Hasija ལགས་ད་ལན་དབུས་བོད་མིའིི་སྒྲིག་འཛུགས་ཀྱི་བུད་མེད་ནུས་སྟོབས་གོང་འཕེལ་གྱི་ཚོགས་འདུར་ཆེད་དུ་ཕེབས་གནང་ཡོད་པ་རེད། དེ་རིང་ཆུ་ཚོད་ ༣།༠༠ ཐོག་ཁོང་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་གཟིགས་སྐོར་ཕེབས་སྐབས་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་ནས་ཁོང་ལ་སྣེ་ལེན་འཚམས་འདྲི་ཞུས་པ་དང་འབྲེལ། དཔལ་ལྡན་ཚོགས་གཞོན་མཆོག་གིས་ཁོང་ལ་ད་བར་དུ་ FNF ཐོག་ནས་བོད་པར་རྒྱབ་སྐྱོར་ཡུན་རིང་གནང་བར་ཐུགས་རྗེ་ཆེ་ཞུས། ཁོང་ Nupur Hasija ལགས་བོད་པའི་གནད་དོན་ལ་རྒྱུས་མངའ་ཅན་ཞིག་ཡིན་སྟབས། འབྱུང་འགྱུར་ཡང་གང་ཐུབ་ཀྱི་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་གནང་ཞིང་། དེ་རྗེས་གྲོས་ཚོགས་ཚོགས་ཁང་སོགས་སྤྱི་འཐུས་ལྷན་ཁང་ལ་གཟིགས་སྐོར་འཁྲིད་གནང་ཡོད་པའི་གནས་ཚུལ་དུ།།