རྒྱ་ནག་ནི་ཤེལ་གྱི་དཀར་ཡོལ་ཞིག་དང་འདྲ། རྒྱ་གར་ལྷོ་ཕྱོགས་མངའ་སྡེ་ཁག་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཞུ་གཏུག་ཚོགས་ཆུང་གི་བཏང་གནས།

 

 

ཕྱི་ལོ་༢༠༡༣ ཟླ་ ༨ ཚེས་༢༧ ཉིན་གྱི་སྔ་དྲོ་ཚོུད་༩་༣༠ ཐོག་དཔལ་འབྱོར་རིག་པའི་མཁས་དབང་གི་གཟེངས་

རྟགས་བཞེས་མྱོང་མཁན་ལོར་ཌི་མཱིག་ནཱ་ཌི་རྡི་སེའེ་ (lord meghnad desai) མཆོག་དང་མཇལ་འཕྲད་

ཞུས། ཁོང་ནི་རྒྱ་གར་གྱི་མི་རིགས་ཡིན་ཡང་ཨིན་ཇི་མི་སེར་གྱི་ལག་ཁྱེར་ཡོད་པ་དང་ད་ལྟ་ཨིན་ཇི་གྲོས་

ཚོགས་ཀྱི་འཐུས་མི་དང་།  ཨིན་ཇི་དང་། རྒྱ་གར། འབྲུག་རྒྱལ་ཁབ་གསུམ་གྱི་དཔལ་འབྱོར་སློབ་སྟོན་པ་ཡིན།

དེ་བཞིན་ཨ་རིའི་སྲིད་འཛིན་ཨོ་བྷ་མ་སོགས་འཛམ་གླིང་གི་གྲགས་ཅན་མི་སྣ་ཁག་གཅིག་ལ་དཔལ་འབྱོར

་སྐོར་སློབ་སྟོན་གནང་བཞིན་ཡོད་འདུག  རྒྱ་གར་གྱི་སྙན་གྲགས་ཅན་གྱི་གཟེངས་རྟགས་པདྨ་བྷུ་ཤོན་

(padma bhushan) ཟེར་བའང་ཁོང་ལ་ཕུལ་ཡོད། ཨི་ཊ་ལིའི་རྒྱལ་ས་ནས་ཚོགས་ཆེན་ཞིག་གི་སྐབས་

༸གོང་ས་མཆོག་དང་མཇལ་འདུག་པས་ཁོང་གི་བཀའ་སློབ་དང་མཛད་འཕྲིན་ལ་ཡི་རང་དང་དད་གུས་

ཆེན་པོ་ཞུ་མཁན་ཞིག་རེད་འདུག མངའ་སྡེ་ཁག་ལ་ཞུ་གཏུག་ཚོགས་ཆུང་གི་འཐུས་མི་ཚོས་ཁོང་ལ་མཇལ་

དར་དང་ཕྱག་རྟགས་སོགས་ཕུལ་ནས་བོད་དོན་སྐོར་གྱི་གནས་ཚུལ་སྤྱི་དང་། བྱེ་བྲག་བོད་ཕྱི་ནང་གཉིས་སུ་

བྱུང་བའི་རང་ལུས་མེ་སྲེག་གི་ལས་འགུལ་གྱི་སྐོར་སོགས་ཞིབ་ཕྲ་ཞུས། ཁོང་གིས་རྒྱལ་ཁབ་གྱི་ཆགས་འཇིག་

ཟེར་བ་ཡོང་ངེས་ཅན་ཡིན་པ་དང་།  བོད་ལ་ཡང་ཉིན་ཞིག་གོ་སྐབས་ཡོད་ངེས་རེད།  གཙོ་བོ་དབུས་བྱང་

གི་ཨ་རི་སོགས་དེ་སྔོན་དེ་ཙམ་འབྲེལ་བ་མེད་པའི་རྒྱལ་ཁབ་ཁག་ལ་འབྲེལ་བ་འཛུགས་དགོས་པ་དང་།

ལྷག་པར་ཡུ་རབ་ཕྱོགས་ལ་འབྲེལ་བ་བཟང་པོ་ཉར་རྒྱུ་གལ་ཆེན་རེད།  གང་ཡིན་ཟེར་ན་ཡུ་རོབ་ཕྱོགས་ཀྱི་

རྒྱབ་སྐྱོར་དེ་ཁ་ཡོད་ལག་ཡོད་དང་མངོན་གསལ་དོད་པོ་ཡོད་རེད་ཅེས་གསུངས་བྱུང་།

 

 

སླར་ཡང་ང་ཚོས་བོད་ལ་བདེན་པ་ཡོད་ཀྱང་།  རྒྱ་ནག་དཔལ་འབྱོར་ནུས་ལྡན་ཆགས་ཡོད་པས་རྒྱལ་སྤྱིའི་

ཚོགས་སྡེ་ཁག་གི་སྐབས་རེ་བདེན་པ་ལས་དཔལ་འབྱོར་གལ་ཆེ་བར་འཛིན་གྱི་ཡོད་པར་བརྟེན། ང་ཚོའི་

འཐབ་རྩོད་ལམ་ལྷོང་ཡོང་བར་འགོག་རྐྱེན་ཆགས་ཀྱི་འདུག  སྐུ་ཉིད་ཀྱིས་རྒྱ་ནག་གི་དཔལ་འབྱོར་གནས་

བབ་ལ་གཟིགས་ཕྱོགས་ག་འདྲ་ཡོད་ཞུས་པར། ཁོང་གིས་རྒྱ་ནག་གི་དཔལ་འབྱོར་ཕུགས་འཕེར་བ་ཞིག་མེད།

དཔལ་འབྱོར་ཕྱི་ལ་བཏང་གང་ཐུབ་བྱས་ནས་ནང་གི་དཔལ་འབྱོར་གྱི་དཀའ་ངལ་ཐག་གཅོད་ཐུབ་ཀྱི་

མེད། མ་ཟད་བཟོ་རིགས་མི་སྣ་གཙོ་བོར་གྱུར་བའི་མང་ཚོགས་ཀྱི་དཔལ་འབྱོར་ཐོབ་ཐང་ཇི་བཞིན་མ་རག་

པའི་དཀའ་ངལ་དང་སེམས་ཚོར་ཇེ་ཆེ་འགྲོ་བཞིན་ཡོད་པས།  དེ་ལ་གདོང་ལེན་མི་བྱེད་ཐབས་མེད་ཆགས་

རྒྱུ་དང་།  ད་ལྟའི་རྒྱ་ནག་གི་དཔལ་འབྱོར་ལ་འགྱུར་བ་ཆེ་པོ་ཞིག་འགྲོ་ངེས་རེད་ཅེས་དང་།  གཞན་ཡང་ད་

ལྟའི་རྒྱ་ནག་གི་དཔལ་འབྱོར་ཐོག་དཀའ་ལས་རྒྱག་མཁན་དང་ནུས་པ་ཡོད་མཁན་གྱི་མི་རབས་དེ་རྫོགས་

འགྲོ་གི་ཡོད་པ་དང་།  དེའི་རྗེས་འཛིན་མཁན་གྱི་མི་རབས་ཁག་པོ་ཆགས་ཀྱི་ཡོད་པར་མ་ཟད།  མི་རབས་

རྗེས་མ་ཚོ་མཐོང་རྒྱ་ཆེ་ཞིང་གུ་ཡངས་ཀྱི་བསམ་བློ་ཅུང་བཟང་བ་ཡོད། སྤྱིར་རྒྱ་ནག་ནི་ཤེལ་གྱི་དཀར་ཡོལ་

ཞིག་དང་འདྲ། མཁྲེགས་པོ་ཡོད་པ་དང་ལྟ་སྣང་ལ་སྙིང་རྗེ་པོ་ཡོད་ཀྱང་། ཆག་གྲུམ་ཤོར་སླ་པོ་དང་ཆག་ཚར་

ན་ཕྱིར་བཟོ་སྐྲུན་བྱེད་ཐབས་མེད།  ད་ལྟའི་རྒྱ་ནག་གི་དཔོན་རིགས་ཁག་གི་ནང་དུ་མི་མཐུན་པར་ཁག་

གཉིས་སུ་གྱུར་ཡོད། དེ་ནི་དཀར་ཡོལ་ལ་སེར་ཁ་ཆེན་པོ་ཞིག་གས་བ་རེད་ལ།    མི་མང་གིས་དཔོན་རིགས་

ཁག་ལ་རྒྱབ་སྐྱོར་མེད་པས་མྱུར་དུ་གས་ཆག་འགྲོ་བའི་རྟགས་མཚན་མང་པོ་ཡོང་གི་ཡོད་པ་སོགས་རྒྱ་ནག་

གི་གནས་ཚུལ་སྤྱི་དང་དཔལ་འབྱོར་སོགས་ཀྱི་སྐོར་དང།  བོད་པར་གདོང་སེམས་མཉམ་བསྐྱེད་དང་ཤ་

ཚའི་ལམ་སྟོན་སོགས། ཚོུད་གཅིག་ཙམ་རིང་ལ་བོད་དོན་ཐོག་གསུང་གླེང་གནང་བྱུང་། གཞན་ཡང་གནད་

ཡོད་མི་སྣ་ཁག་གཅིག་དང་མཇལ་འཕྲད་གྲུབ་ནས་དེ་རང་ཚེས་༢༩ ཉིན་མ་ཧ་ར་ཤི་ཊར་མངའ་སྡེ་ལ་

འགྲོ་རྒྱུ་བཅས་ཀྱི་ལས་གནས་ཚུལ་སྙིང་བསྡུས་སོ།

ཕྱི་ལོ་ ༢༠༡༣ ཟླ་༨ ཚེས་ ༢༩ཉིན། ལྷོ་ཕྱོགས་མངའ་སྡེ་ཞུ་གཏུག་ཚོགས་ཆུང་ནས།  འབྲེལ་བཏུག་བྱ་ཡུལ་ཁ་

པར་ཨང་8628858376