རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེ་སྤོན་ཌི་ཅི་རིར་འབྱོར་བ།

PondicherryPondicherryPondicherryPondicherry

ཅེ་ནི་ཡི། ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༡༡།ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༦ ཕྱི་དྲོ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱིས་རྒྱ་གར་ལྷོ་ཕྱོགས་ Kerala མངའ་སྡེའི་གྲོང་ཁྱེར་ Kochi ནས་ཐོན་ཏེ། ཕྱི་ཚེས་ ༧ ཞོགས་པ་ Tamil Nadu མངའ་སྡེའི་གྲོང་ཁྱེར་ Coimbatore དུ་འབྱོར་བ་དང་། དང་ཐོག་ཁུལ་དེའི་གསར་འགྱུར་བརྒྱུད་ལམ་ཁག་ལ་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ནས་དབྱིན་སྐད་དང་། ས་ཁུལ་དེར་ཚོང་ལས་གཉེར་མཁན་བུད་མེད་ཞིག་ནས་ཡུལ་སྐད་ཐོག་གསར་འགོད་པར་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་གྱི་རྒྱབ་ལྗོངས་དགོས་འདུན་དང་བཅས་པ་འགྲེལ་བརྗོད་བྱས་མཚམས། གྲོང་ཁྱེར་དེའི་རྫོང་དཔོན་ལས་ཁུངས་མདུན་དུ་བདེན་ཚིགས་སྨོན་ལམ་དང་། རྒྱལ་བའི་ཞབས་བརྟན། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཅས་འབུལ་ལམ་ཞུས་ཏེ། ཁུལ་དེར་གནས་བསྡོད་བོད་མི་བཅུ་ཕྲག་སྐོར་དང་རྒྱ་གར་བོད་ཀྱི་གྲོགས་པོ་ཚོགས་པའི་འབྲེལ་མཐུད་པ་སྐུ་ཞབས་ Anto ལགས་ཀྱིས་དབུས་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་དང་ལྷན་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་དངོས་སུ་འགོ་བཙུགས་ཏེ། གྲོང་ཁྱེར་ནང་སྐོར་བསྐྱོད་བྱས། དེ་རྗེས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སོགས་ལ་འབུལ་ལམ་ཞུ་རྒྱུའི་ས་རྟགས་བསྡུ་འགོད་དངོས་སུ་འགོ་འཛུགས་བྱས། ད་དུང་ཁུལ་དེའི་བོད་མིའི་སུད་ཚོང་སྐྱིད་སྡུག་གི་འགན་འཁུར་འོག་ས་གནས་ས་ཐོག་ཏུ་ས་རྟགས་བསྡུ་འགོད་ཙམ་མ་ཟད། ཉེ་འཁྲིས་ Ooty གྲོང་ཁྱེར་དུ་ས་གནས་འཐུས་མི་དངོས་སུ་བཅར་ཏེ་དེ་གར་གནས་སྡོད་བོད་མི་ཚོང་པའི་སྐྱིད་སྡུག་དང་འབྲེལ་བ་བྱས་ཏེ་ས་རྟགས་བསྡུ་འགོད་ཀྱི་ལས་འགུལ་ཡང་བརྩམ་རྒྱུ་ཡིན་པ་རེད། ད་རེས་ Coimbatore ཁུལ་གྱི་སྐོར་བསྐྱོད་ལས་འགུལ་དེ་བཞིན་ཁུལ་དེའི་བརྒྱུད་ལམ་ཚང་མའི་ནང་གསར་འགྱུར་རྒྱ་ཆེར་ཐོན་ཐུབ་པ་བྱུང་ཡོད།
ཕྱི་ཚེས་ ༧ ཕྱི་དྲོ་ Coimbatore ནས་ཐོན་ཏེ། རྒྱ་གར་ Tamil Nadu མངའ་སྡེའི་རྒྱལ་ས་ Chennai བརྒྱུད་ཕྱི་ཚེས་ ༩ ཉིན་བདེན་པའི་མེ་ལྕེ་དེ་བཞིན་ Pondicherry མངའ་སྡེའི་རྒྱལ་ས་ Pondicherry འབྱོར་བ་དང་། ཕྱི་ཚེས་ ༡༠ ཞོགས་པ་ཆུ་ཚོད་ ༡༡།༣༠ ཐོག་སྤོན་ཌི་ཅི་རི་གསར་འགོད་མཐུན་ཚོགས་ཀྱི་ཚོགས་ཁང་ནང་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་དང་། སྐབས་དེར་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་སྤྱི་ཡོངས་ཀྱི་གནས་སྟངས་སྐོར་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ནས་དབྱིན་སྐད་ཐོག་གསར་འགོད་པར་འགྲེལ་བརྗོད་དང་། གསར་འགོད་པའི་དྲི་བར་ལན་འདེབས་གསལ་བཤད་སོགས་གནང་བར་མ་ཟད། བརྒྱུད་ལམ་ཁག་ལ་ལས་འགུལ་དང་འབྲེལ་བའི་ཡིག་ཆ་ཁག་ཀྱང་འགྲེམས་སྤེལ་ཞུས།
Pondicherry ཁུལ་གྱི་གསར་འགོད་ལྷན་ཚོགས་གྲུབ་མཚམས་ཁུལ་འདིའི་བོད་མི་ཚོར་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ནས་བོད་ཀྱི་ད་ལྟའི་གནས་སྟངས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་སྐོར་འགྲེལ་བརྗོད་དང་། མ་འོངས་ས་རྟགས་བསྡུ་ཕྱོགས་བཅས་ཀྱི་སྐོར་གོ་བསྡུར་བྱས། དེ་རྗེས་ Pondicherry གྲོང་ཁྱེར་ཉེ་འཁྲིས་ Auroville ས་གནས་སུ་བསྐྱོད་དེ་འབྲེལ་ཡོད་ཁག་གཅིག་ལ་ལས་འགུལ་སྐོར་འགྲེལ་བརྗོད་ཞུས་པ་དང་། གོང་འཁོད་ས་གནས་གཉིས་ནང་བདེན་པའི་མེ་ལྕེ་སྐོར་བསྐྱོད་མཇུག་སྒྲིལ་ཞུས་ཀྱང་ས་རྟགས་བསྡུ་འགོད་ཀྱི་ལས་འགུལ་མུ་མཐུད་འགྲོ་དང་འགྲོ་མུས་ཡིན་པ་པ་དང།
བདེན་པའི་མེ་ལྕེ་ལས་འགུལ།བདེན་པའི་མེ་ལྕེ་ལས་འགུལ།བདེན་པའི་མེ་ལྕེ་ལས་འགུལ།བདེན་པའི་མེ་ལྕེ་ལས་འགུལ།

ཚེས་ ༡༠ ཞོགས་པ་ཆུ་ཚོད་ ༧།༣༠ ཐོག་འདི་ག་ Chennai ཁུལ་གྱི་ Lady Andal School ཞེས་པའི་གྲྭ་སྙན་གྲགས་ཅན་གྱི་སློབ་གྲྭའི་ཞོགས་ཚོགས་སྐབས་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ཀྱིས་དགེ་ལས་སློབ་ཕྲུག་ཚོར་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་སྐོར་ངོ་སྤྲོད་དང་། སློབ་ཕྲུག་ཚོའི་དྲི་བར་ལན་འདེབས་བཅས་གྲུབ་མཚམས། སློབ་གྲྭའི་རྒན་བདག་ཚོས་འགོ་ཁྲིད་དེ་མཚན་རྟགས་བསྡུ་འགོད་ཀྱི་ལས་འགུལ་འགོ་ཚུགས་པ་དང་། སློབ་གྲྭའི་སློབ་སྤྱི་དང་སློབ་ཕྲུག་ཚོས་མུ་མཐུད་མཚན་རྟགས་བསྡུ་འགོད་གནང་སྟེ། ཚོགས་ཆུང་ལ་གཏོང་རྒྱུ་ཁས་ལེན་ཡང་གནང་ཡོད་པ་རེད།

དེ་རྗེས་ Chennai ཁུལ་གྱི་ལོ་ཡི་ལ་མཐོ་སློབ་ཏུ་རྟེན་གཞི་བྱས་པའི་ All India Catholic University Federation (AICUF) ཞེས་རྒྱ་གར་རྒྱལ་ཡེ་ཤུའི་གཙུག་ལག་སློབ་གཉེར་ཁང་གི་དབུ་འཛིན་སྐུ་ཞབས་ Rev. Fr. M. G. Selvin Raj S.J མཆོག་མཇལ་འཕྲད་ཞུས་ཏེ། བདེན་པའི་མེ་ལྕེའི་ལས་འགུལ་ངོ་སྤྲོད་དང་། ཁོང་གི་སར་ནས་མཚན་རྟགས་ཞུས་པས་མ་ཟད། གོང་གསལ་ཚོགས་པའི་ཕྱི་ཟླ་ ༨ པའི་ནང་ཚོགས་རྒྱུའི་མཚན་ཚོགས་ཆེན་མོའི་ཐོག་མཚན་རྟགས་བསྡུ་རུབ་གནང་རྒྱུའི་ཞལ་བཞེས་ཀྱང་གནང་ཡོད་པ་རེད།
བདེན་པའི་མེ་ལྕེ་སྐོར་བསྐྱོད་ལས་འགུལ།བདེན་པའི་མེ་ལྕེ་སྐོར་བསྐྱོད་ལས་འགུལ།བདེན་པའི་མེ་ལྕེ་ལས་འགུལ།བདེན་པའི་མེ་ལྕེ་ལས་འགུལ།
ད་དུང་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ཀྱིས་དབུ་ཁྲིད་པའི་བོད་པའི་སློབ་ཕྲུག་དང་། བོད་དོན་རྒྱབ་སྐྱོར་བ་ལྕམ་སྐུ་ཨ་ཤ་རེ་ཌི་ལགས་ནས་འདི་ཁུལ་གྱི་ཤེས་ཡོན་བསྟི་གནས་དཔེར་ན། Madras University དང་། Madras Christian College སོ་སོར་ངོ་བཅར་གྱིས་བོད་དོན་ཐོག་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་གནང་ཡོད་པས་མ་ཟད། ཕྱི་ཚེས་ ༡༢ ཉིན་ Tamil Nadu མངའ་སྡེའི་རྒྱལ་ས་ Chennai ནང་གསར་འགོད་ལྷན་ཚོགས་དང་། ས་གནས་དེར་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་འགོ་འཛུགས་ཞུ་རྒྱུ་ཡིན་པ་དང་། ད་རེས་ཀྱི་ལས་འགུལ་འདིའི་དགོས་འདུན་ཁག་ནི།

༡༽      ཕྱི་ལོ་ ༡༩༥༩ དང་།  ༡༩༦༡། ༡༩༦༥ བཅས་སོ་སོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བོད་དོན་ཐོག་བཞག་པའི་གྲོས་ཆོད་ཁག་སླར་ཡང་རྒྱལ་ཚོགས་ནས་གླེང་སློང་དང་ལག་བསྟར་མཇུག་གནོན་དགོས་པ།༢༽      བོད་ནང་ད་ལྟའི་ཛ་དྲག་གི་གནས་སྟངས་རྟོག་ཞིབ་སླད་རང་དབང་ཅན་གྱི་རྒྱལ་སྤྱིའི་སྐུ་ཚབ་ཁག་ཅིག་འཕྲལ་གཏོང་དགོས་པ།
༣༽     བོད་ནང་གི་བོད་མིའི་མངོན་འདོད་བསྒྲུབ་རྒྱུར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དམིགས་བསལ་འགན་འཁུར་བཞེས་དགོས་པ།

གནས་ཚུལ་མཁོ་གཏོང་བ་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས།