རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེར་ཧུན་སུར་རབ་རྒྱས་གླིང་དུ་འབྱོར་བ།

འདི་གར་ཧུན་སུར་ས་གནས་འགོ་འཛིན་ལས་ཁང་ནས་གནས་ཚུལ་བཏང་གསལ་ལྟར་ན། རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེ་སྦེལ་ཀོབ་བོད་མིའི་གཞིས་ཆགས་ཉེ་འཁྲིས་དང་བཅས་པར་སྐོར་བསྐྱོད་ལེགས་འགྲུབ་བྱུང་སྟེ། ཕྱི་ཚེས་ ༢༩ ཉིན་རྒྱབ་ཆུ་ཚོད་ ༣ པའི་ཐོག་ཧུན་སུར་བོད་མིའི་གཞིས་ཆགས་ཉེ་འཁྲིས་སྒུ་རུ་སྤུ་ར་ Gurupura གྲོང་གསེབ་བར་སྦེལ་ཀོབ་ས་གནས་ལས་འགུལ་གོ་སྒྲིག་ཚོགས་ཆུང་ནས་ཕེབས་སྐྱེལ་དང་སྦྲགས། ཧུན་སུར་རབ་རྒྱས་གླིང་ས་གནས་ལས་འགུལ་གོ་སྒྲིག་ཚོགས་ཆུང་ནས་བདེན་པའི་མེ་ལྕེ་རྩིས་ལེན་ཞུས་ཡོད་པ་དང་། སྐབས་དེར་སྤྱི་འཐུས་ཚེ་རིང་གཡུ་སྒྲོན་ལགས་དང་། ས་འཐུས་ཚོགས་གཙོ་རྡོ་རྗེ་ལགས། ས་གནས་འགོ་འཛིན་ཡེ་ཤེས་ཆོས་སྒྲོན་ལགས། ཁུལ་འདིའི་དགོན་སྡེ་གསུམ་གྱི་མཁན་པོ་ལས་སྣེ། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ལས་བྱེད། སེར་སྐྱ་མི་མང་བཅས་ནས་བདེན་པའི་མེ་ལྕེར་ཕེབས་བསུ་གཟབ་རྒྱས་ཞུས་ཏེ། སྒུ་རུ་སྤུ་ར་གྲོང་གསེབ་ནས་རབ་གླིང་གཞིས་ཆགས་ནང་རྟེན་གཞི་བྱས་པའི་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་བར་གོམ་བགྲོད་དང་། དེ་གར་མཛད་སྒོ་དངོས་གཞི་གནང་།

རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེར་ཧུན་སུར་རབ་རྒྱས་གླིང་དུ་འབྱོར་བ།རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེར་ཧུན་སུར་རབ་རྒྱས་གླིང་དུ་འབྱོར་བ།རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེར་ཧུན་སུར་རབ་རྒྱས་གླིང་དུ་འབྱོར་བ།རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེར་ཧུན་སུར་རབ་རྒྱས་གླིང་དུ་འབྱོར་བ།

མཛད་སྒོའི་ཐོག་མར་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་མྱ་ངན་གུས་འདུད་ངག་བཅད་སྐར་མ་གཉིས་དང་། ས་གནས་འགོ་འཛིན་ཡེ་ཤེས་ཆོས་སྒྲོན་ལགས་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་དབུ་ཁྲིད་པའི་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་སྐོར་ངོ་སྤྲོད་གཏམ་བཤད་དང་། དེ་རྗེས་བོད་མི་མང་སྤྱི་འཐུས་ཚེ་རིང་གཡུ་སྒྲོན་ལགས་ནས་བོད་ནང་གི་ད་ལྟའི་གནས་སྟངས་དང་། བོད་ནང་གི་བོད་མིའི་སྙིང་སྟོབས། བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་བཅས་ཀྱི་སྐོར་གཏམ་བཤད་གནང་ཡོད་པ་རེད།

དེ་ནས་མཛད་སྒོའི་སྐུ་མགྲོན་གཙོ་བོ་རྒྱ་གར་གྲོས་ཚོགས་འཐུས་མི་སྐུ་ཞབས་ Vishanath ལགས་ཀྱི་སྐུ་ཚབ་སྐུ་ཞབས་ Prabhu ལགས་ཀྱིས་བོད་དོན་ལ་རྒྱབ་སྐྱོར་ཞུ་རྒྱུ་རྒྱ་གར་གྱི་བདེ་འཇགས་དང་འབྲེལ་ཡོད་པ་སོགས་ལས་འགུལ་ལ་རྒྱབ་སྐྱོར་གྱི་བཀའ་སློབ་གསུང་བཤད་གནང་ཡོད་པ་དང་། རྒྱ་གར་གྲོས་ཚོགས་འཐུས་མི་སྐུ་ཞབས་ Vishanath ལགས་མཛད་བྲེལ་གྱིས་རྐྱེན་པས་མཛད་སྒོར་ཕེབས་མ་ཐུབ་པར་བློ་ཕམ་དང་བོད་མིའི་བདེན་པའི་འཐབ་རྩོད་ལ་ཁོང་གི་གདུང་སེམས་བསྐྱེད་ཡོད་སྐོར་སོགས་བཀའ་སློབ་གནང་ཡོད་པ་རེད། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་རྡོ་རྗེ་ལགས་ནས་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་བཅས་གནང་།

རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེར་ཧུན་སུར་རབ་རྒྱས་གླིང་དུ་འབྱོར་བ།རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེར་ཧུན་སུར་རབ་རྒྱས་གླིང་དུ་འབྱོར་བ།རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེར་ཧུན་སུར་རབ་རྒྱས་གླིང་དུ་འབྱོར་བ།རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེར་ཧུན་སུར་རབ་རྒྱས་གླིང་དུ་འབྱོར་བ།

དེ་རྗེས་འཕགས་བོད་གཉིས་ཀྱི་རྒྱལ་གླུ་བཏང་བ་དང་། བདེན་ཚིག་སྨོན་ལམ་འུར་འདོན་གྱིས་མཛད་སྒོ་རྒྱལ་ཁའི་ངང་གྲོལ། ཉིན་དེའི་དགོང་མོ་བདེན་པའི་མེ་ལྕེ་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་དུ་བཞག་པ་དང་། ཕྱི་ཚེས་ ༣༠ ཉིན་བདེན་པའི་མེ་ལྕེ་དེ་བཞིན་རྒྱུད་སྨད་གྲྭ་ཚང་དུ་སྐོར་བསྐྱོད་བྱས་པ་དང་། དེ་ནས་ཕྱི་ཚེས་ ༣༡ ཉིན་གཞིས་ཆགས་ཉེ་འཁྲིས་ Kote གྲོང་ཁྱེར་དུ་ཁྲོམ་འདུས་ཉིན་མོ་འཁེལ་བ་དང་སྟབས་བསྟུན་སྐོར་བསྐྱོད་བྱ་རྒྱུ་དང་། ཕྱི་ཟླ་ ༨ ཚེས་ ༡ ཉིན་གཞིས་ཆགས་ཀྱི་གཞིས་གྲོང་སོ་སོའི་ནང་སྐོར་བསྐྱོད། ཕྱི་ཚེས་ ༢ ཉིན་ཧུན་སུར་གྲོང་སྡེ་ལས་ཁུངས་དང་། ཉེ་འཁྲིས་ K.R. Nagar གྲོང་ཁྱེར་ནང་སྐོར་བསྐྱོད་དང་ཡུལ་མིའི་ཁྲོད་ནས་བོད་དོན་མཚན་རྟགས་བསྡུ་རུབ་སོགས་བྱ་རྒྱུ་སོགས་ཀྱི་མཛད་རིམ་སྔོན་སྒྲིག་ཡོད་པ་རེད་འདུག

རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེར་ཧུན་སུར་རབ་རྒྱས་གླིང་དུ་འབྱོར་བ།རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེར་ཧུན་སུར་རབ་རྒྱས་གླིང་དུ་འབྱོར་བ།