རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེ་མེ་སོར་གྲོང་ཁྱེར་ནང་སྐོར་བསྐྱོད་བྱེད་བཞིན་པ།

མེ་སོར། ཟླ་ ༨ ཚེས་ ༡༠། མེ་སོར་ས་གནས་གཞོན་ནུ་ལྷན་ཚོགས་ནས་གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། ཟླ་ ༨ ཚེས་ ༩ ཉིན་གྱི་ཞོགས་པ་ཆུ་ཚོད་ ༨།༤༠ ཙམ་ལ་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་དང་། ཁུལ་དེར་ཚོང་ལས་ཆུང་ཙག་གཉེར་བཞིན་པའི་བོད་མི་བཅས་ཆེས་སྙན་གྲགས་ཆེ་བའི་མེ་སོར་རྒྱལ་ཁང་མདུན་འདུ་འཛོམས་བྱུང་བ་དང་། མཛད་སྒོའི་ཐོག་མར་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་མྱ་ངན་གུས་བཏུད་ངག་ཅད་སྐར་མ་གཅིག་ཞུས་ཡོད་པ་རེད།

རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེ་མེ་སོར་གྲོང་ཁྱེར་ནང་སྐོར་བསྐྱོད་བྱེད་བཞིན་པ།རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེ་མེ་སོར་གྲོང་ཁྱེར་ནང་སྐོར་བསྐྱོད་བྱེད་བཞིན་པ།

དེ་ནས་ཉེ་ཆར་བདམས་ཐོན་བྱུང་བ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བློ་བཟང་འཇམ་དབྱངས་ལགས་དང་། བོད་མིའི་ཚོང་པའི་སྐྱིད་སྡུག་གི་ཚོགས་གཙོ་དངོས་གྲུབ་རྡོ་རྗེ་ལགས་གཉིས་ནས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་དང་བོད་དོན་ལས་འགུལ་སྤེལ་དགོས་པའི་དམིགས་ཡུལ་སོགས་ངོ་སྤྲོད་གཏམ་བཤད་རིམ་བཞིན་གནང་། སྐུ་ཞབས་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་ས་གནས་གཞོན་ལྷན་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བཀོད་ཁྱབ་ལྟར་ལས་འགུལ་སྤེལ་གནང་བར་སྔགས་བརྗོད་ཀྱང་གནང་ཡོད་པ་རེད་འདུག གཏམ་བཤད་ཀྱི་ལས་རིམ་གྲུབ་མཚམས་བདེན་ཚིག་སྨོན་ལམ་འུར་འདོན་དང་འཕགས་བོད་གཉིས་ཀྱི་རྒྱལ་གླུ་བཏང་གནང་ཡོད་པ་རེད་འདུག

རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེ་མེ་སོར་གྲོང་ཁྱེར་ནང་སྐོར་བསྐྱོད་བྱེད་བཞིན་པ།རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེ་མེ་སོར་གྲོང་ཁྱེར་ནང་སྐོར་བསྐྱོད་བྱེད་བཞིན་པ།

ཆུ་ཚོད་ ༩།༣༠ ཐོག་མཛད་རིམ་གྲུབ་པ་དང་བསྟུན་མེ་སོར་གྲོང་ཁྱེར་ནང་བདེན་པའི་མེ་ལྕེ་སྐོར་བསྐྱོད་དངོས་སུ་འགོ་འཛུགས་ཞུས་པ་དང་། གྲོང་ཁྱེར་གྱི་ས་ཚིགས་ Kotegenia Somia ལྷ་ཁང་དང་། གྷན་རྡི་འདུ་འཛོམས་སོགས་བརྒྱུད་སྤྱི་ལེ་ལྔ་ཙམ་སྐོར་བསྐྱོད་བྱས་མཐར་ས་གནས་རྫོང་དཔོན་ལས་ཁུངས་མདུན་འབྱོར། དེ་རྗེས་ས་གནས་གཞོན་ལྷན་དང་ཚོང་པའི་སྐྱིད་སྡུག་སོ་སོའི་ཚོགས་གཙོ་གཉིས་ནས་རྫོང་དཔོན་སྐུ་ཞབས་ Basaurajo ལགས་སུ་ངོ་བཅར་ཞུས་ཏེ། བོད་དོན་ཞུ་སྙན་འབུལ་ལམ་ཞུས་པ་དང་། རྫོང་དཔོན་མཆོག་ནས་ཞུ་སྙན་དེ་བཞིན་རྒྱ་གར་དབུས་གཞུང་ལ་འཕྲོད་པ་ཞུ་རྒྱུའི་ཞལ་བཞེས་ཀྱང་གནང་ འདུག

རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེ་མེ་སོར་གྲོང་ཁྱེར་ནང་སྐོར་བསྐྱོད་བྱེད་བཞིན་པ།རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེ་མེ་སོར་གྲོང་ཁྱེར་ནང་སྐོར་བསྐྱོད་བྱེད་བཞིན་པ།

ད་རེས་ཀྱི་སྐོར་བསྐྱོད་ལས་རིམ་འདིའི་ནང་བོད་པའི་མཐོ་སློབ་སློབ་མ་དང་ཚོང་པ་བཅས་ཁྱོན་མི་གྲངས་ ༡༤༠ ཙམ་ནས་མཉམ་བཞུགས་གནང་ཡོད་པ་མ་ཟད། ས་གནས་གསར་འགོད་པ་འགས་གནས་ཚུལ་མཁོ་སྒྲུབ་ཆེད་ལྷན་བཞུགས་གནང་ཡོད་པ་དང་། སྐབས་དེར་རྒྱ་གར་མང་ཚོགས་དང་། གསར་འགོད་པ་བཅས་ལ་ཡིག་ཆ་རྒྱ་གང་ཆེ་འགྲེམས་སྤེལ་ཡང་ཞུས་འདུག

རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེ་མེ་སོར་གྲོང་ཁྱེར་ནང་སྐོར་བསྐྱོད་བྱེད་བཞིན་པ།རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེ་མེ་སོར་གྲོང་ཁྱེར་ནང་སྐོར་བསྐྱོད་བྱེད་བཞིན་པ།

ལས་རིམ་སྔོན་སྒྲིག་ལྟར་ཟླ་ ༨ ཚེས་ ༡༠ དང་། ༡༡ སོ་སོར་ས་གནས་གཞོན་ནུའི་རྒྱུན་ལས་རྣམས་ཁུལ་དེའི་མཐོ་སློབ་ཁག་ཏུ་ཆེད་བཅར་ཞུས་ཏེ་བོད་དོན་དྲིལ་བསྒྲགས་དང་། ཟླ་ ༡༢ ཚེས་ ༡༠ ཉིན་རྒྱལ་ཚོགས་སུ་འབུལ་རྒྱུའི་ཞུ་སྙན་སྟེང་མཚན་རྟགས་ཞུ་རྒྱུ་ཡིན་པར་མ་ཟད། ཚེས་ ༡༡ དགོང་དྲོ་ས་གནས་གཞོན་ལྷན་གྱི་འཐུས་མི་གཉིས་ནས་བདེན་པའི་མེ་ལྕེ་བསྣམས་ཏེ་རྒྱ་གར་ལྷོ་ཕྱོགས་ Mangalore མེང་ལོར་གྲོང་ཁྱེར་དུ་ཐོན་གནང་རྒྱུ་ཡིན་པ་རེད་འདུག