རྒྱ་གར་རྒྱལ་ཡོངས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སྐུ་ཞབས་སྦ་ཤི་ཤ་ཏྲ་ན་ར་ཡན་སིང་ Mr.Bashista Narain Singh མཆོག་ད་ལམ་བཞུགས་སྒར་དུ་ཕེབས་སྐབས་བོད་མི་མང་སྤྱི་འཐུས་ལྷན་ཁང་ནས་སྣེ་ལེན་དང་འབྲེལ་ཚོགས་གཙོ་སྦྲེལ་པོ་མཆོག་ལྷན་མཇལ་འཕྲད་གནང།

རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི།རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི།

 

གོང་གསལ་སྐུ་པར་ནི་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་དང། རྒྱ་གར་རྒྱལ་ཡོངས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་ཟུར་པ། དེང་སྐབས་རྒྱ་གར་རྒྱལ་ཡོངས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་བཅས་ཡིན་པའི་སྐུ་ཞབས་སྦ་ཤི་ཤ་ཏྲ་ན་ར་ཡན་སིང་ Mr. Bashista Narain Singh མཆོག་ད་ལམ་བཞུགས་སྒར་རྡ་རམ་ས་ལར་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ ༤ པ་ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༩ ནས་ ༡༡ བར་འཚོགས་བཞིན་པའི་མཇུག་བསྡོམས་མཛད་སྒོའི་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་བཞུགས་སྒར་དུ་ཕེབས་སྐབས་བོད་མི་མང་སྤྱི་འཐུས་ལྷན་ཁང་ནས་སྣེ་ལེན་དང་འབྲེལ་ཚོགས་གཙོ་སྦྲེལ་པོ་མཆོག་ལྷན་མཇལ་འཕྲད་གནང་སྐབས་བསྒྲོན་པའི་སྐུ་པར་ཡིན།

 

 

ཁོང་ནི་བོད་དོན་རྒྱབ་སྐྱོར་བ་རྙིང་གྲས་ཤིག་ཡིན་པ་དང། དེ་སྔོན་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ ༣ ལ་ཕེབས་མྱོང་ཡོད་པ་མ་ཟད། ཉེ་བའི་སྔོན་དུ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ ༦ པ་ཁེ་ཎ་ཌའི་རྒྱལ་ས་ཨོ་ཊཱ་ཝར་ཚོགས་སྐབས་ཀྱང་ཁོང་ཕེབས་ཞུགས་གནང་ཡོད་པ་རེད། ཁོང་གིས་ད་རེས་རྩིས་པའི་བོད་དོན་རྒྱབ་སྐྱོབ་དང་འབྲེལ་བའི་གལ་ཆེའི་ཚོགས་ཆེན་ཐེངས་ ༤ ཙམ་ལ་བཞུགས་སྒར་དུ་ཕེབས་ཡོད་སྐོར་ད་ལམ་ཁོང་ལ་སྣེ་ཤན་གནང་མཁན་བོད་མི་མང་སྤྱི་འཐུས་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་གསུངས་བྱུང་བ་བཅས།        ཚོགས་དྲུང་ལས་ཁུངས་ནས་ཕྱི་ལོ་ ༢༠༡༢་ཟླ་ ༦ ཚེས་ ༡༡ ལ།།