རྒྱ་གར་མཐོ་སློབ་ G.C Nagrota Bagwan College ཀྱི་སློབ་དཔོན་དང་སློབ་མ་གྲངས་ ༥༨ དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ།


དེ་རིང་སྔ་དྲོ་ཆུ་ཚོད་ ༡༢།༠༠ ཐོག་རྒྱ་གར་མཐོ་སློབ་ G.C Nagrota Bagwan College ཀྱི་སློབ་དཔོན་ Dr. Mohinder Singh Chouhan དང་ Ms. Santosh Kumari ལྷན་སྲིད་དོན་ཚན་རིག་པའི་མཐར་ཕྱིར་སློབ་མ་གྲངས་ ༥༨ བོད་མི་མང་སྤྱི་འཐུས་ལྷན་ཁང་ལ་བཅར་ཡོད་པ་དང་།
སྐབས་དེ་དུས་དཔའ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་བོད་ནང་རྒྱལ་གཅེས་དཔའ་བོ་རྣམས་ཀྱིས་སྐུ་ལུས་མེར་བསྲེགས་གཏོང་པའི་སྐོར་དང་། ད་ལྟའི་བོད་ནང་གི་གནས་སྟངས། དེ་བཞིན་བོད་ལ་ཁ་ཞེ་གཉིས་མེད་ཀྱི་རྒྱབ་སྐྱོར་གནང་མཁན་རྒྱ་གར་གི་ཆབ་སྲིད་པ་ཟུར་པ་ཁག་གཅིག་སྐོར་གསུངས་ཡོད་པ་རེད།
གཞན་ཡང་དཔལ་ལྡན་ཚོགས་གཞོན་མཆོག་གིས་བོད་དང་རྒྱ་གར་དབར་ཀྱི་འབྲེལ་པའི་སྐོར་གྱི་ལོ་རྒྱུས་རྒྱབ་ལྗོངས་དང་བོད་ཀྱི་སྐད་ཡིག་དང་རྒྱ་གར་གྱི་རིག་གཞུང་ངམ་ལེགས་སྦྱར་སྐད་ཀྱི་གལ་གནད། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་བཀའ་འགྱུར་གླེགས་བམ་ ༡༠༨ དང་བསྟན་འགྱུར་པོ་ཏི་ཉིས་བརྒྱ་ལྷག་སྐོར་དང་བོད་ཀྱི་ཁོར་ཡུག་ཇི་ཙམ་གལ་ཆེ་ཡིན་སྐོར་འགྲེལ་བརྗོད་ཞིབ་གསལ་གནང་སོང་བ་དང་།
དཔལ་ལྡན་ཚོགས་གཞོན་མཆོག་གིས་བོད་མི་མང་སྤྱི་ལཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་བོད་མིའི་སྒྲིག་འཛུགས་ཀྱི་ལོ་འཁོར་སྔོན་རྩིས། དེ་བཞིན་གཉིས་སྨན་དབུ་མའི་ལམ་དང་དེའི་གལ་གནད་སྐོར་སོགས་ཞིབ་འགྲེལ་གནང་ཡོད།
མཐར་དཔལ་ལྡན་ཚོགས་གཞོན་མཆོག་གིས་སློབ་ཕྲུག་ཚོར་གོ་ལ་ཡོངས་ཀྱི་མི་སེར་བཟང་པོ་ཞིག་ཡོང་ཐབས་བྱ་དགོས་ སྐོར་སློབ་སྟོན་གནང་སྟེ་སློབ་ཕྲུག་ཚོའི་དྲི་བར་ལན་འདེབས་གསལ་བཤད་གནང་བ་བཅས། །