རྒྱ་གར་བྱང་ཕྱོགས་བདེན་པའི་མེ་ལྕེ་ནེ་ནི་ཏལ་དུ་སྐོར་བསྐྱོད་ལེགས་པར་གྲུབ་པ།

རྒྱ་གར་བྱང་ཕྱོགས་བདེན་པའི་མེ་ལྕེ་ནེ་ནི་ཏལ་དུ་སྐོར་བསྐྱོད་ལེགས་པར་གྲུབ་པ།རྒྱ་གར་བྱང་ཕྱོགས་བདེན་པའི་མེ་ལྕེ་ནེ་ནི་ཏལ་དུ་སྐོར་བསྐྱོད་ལེགས་པར་གྲུབ་པ།རྒྱ་གར་བྱང་ཕྱོགས་བདེན་པའི་མེ་ལྕེ་ནེ་ནི་ཏལ་དུ་སྐོར་བསྐྱོད་ལེགས་པར་གྲུབ་པ།རྒྱ་གར་བྱང་ཕྱོགས་བདེན་པའི་མེ་ལྕེ་ནེ་ནི་ཏལ་དུ་སྐོར་བསྐྱོད་ལེགས་པར་གྲུབ་པ།
རྒྱ་གར་བྱང་ཕྱོགས་བདེན་པའི་མེ་ལྕེ་ནེ་ནི་ཏལ་དུ་སྐོར་བསྐྱོད་ལེགས་པར་གྲུབ་པ།རྒྱ་གར་བྱང་ཕྱོགས་བདེན་པའི་མེ་ལྕེ་ནེ་ནི་ཏལ་དུ་སྐོར་བསྐྱོད་ལེགས་པར་གྲུབ་པ།

དེ་ཡང་ནེ་ནི་ཏལ་བོད་རང་དབང་བདེན་པའི་དྲུང་ཆེ་སྐུ་ཞབས་ཚེ་རིང་སྟོབས་རྒྱལ་ལགས་ནས་གནས་ཚུལ་མཁོ་སྤྲོད་གནང་དོན་དུ། བདེན་པའི་མེ་ལྕེ་ས་གནས་སུ་མ་འབྱོར་བའི་བདུན་ཕྲག་གཅིག་གི་གོང་དུ་ཕྲེད་དར་དང་སྦྱར་ཡིག་ལ་སོགས་སྤར་བསྐྲུན་གནང་ཞིང་ཡུལ་མི་གནད་ཡོད་སྒྲིག་འཛུགས་གྲངས་ ༦༣ ཙམ་ལ་མགྲོན་བརྡ་བཏང་བ་ལ་སོགས་གནང་། ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༢༧ ཉིན་ནེ་ནི་ཏལ་ནས་ཆེད་གཉེར་གྱིས་མི་འཐུས་ ༢༠ སྣུམ་འཁོར་དང་སྦག་སྦག་བཅས་ཀྱི་ཐོག་ནེ་ནི་ཏལ་ནས་ལེ་དབར་ ༤༢ (Km.26) ཡོད་པའི་ས་མཚམས་ཀ་ལ་ཌོང་གི་ཞེས་པར་སྣེ་བསུར་བཅར་ཏེ་ཌེ་ཌུན་བདེ་སྐྱིད་གླིང་ས་གནས་འགོ་འཛིན་སྐུ་ཞབས་ཀུན་དགའ་རྡོ་རྗེ་དང་བསོད་ནམས་སྟོབས་རྒྱལ་གཉིས་ཀྱིས་བརྒྱུད་སྤྲོད་གནང་།

རྒྱ་གར་བྱང་ཕྱོགས་བདེན་པའི་མེ་ལྕེ་ནེ་ནི་ཏལ་དུ་སྐོར་བསྐྱོད་ལེགས་པར་གྲུབ་པ།རྒྱ་གར་བྱང་ཕྱོགས་བདེན་པའི་མེ་ལྕེ་ནེ་ནི་ཏལ་དུ་སྐོར་བསྐྱོད་ལེགས་པར་གྲུབ་པ།རྒྱ་གར་བྱང་ཕྱོགས་བདེན་པའི་མེ་ལྕེ་ནེ་ནི་ཏལ་དུ་སྐོར་བསྐྱོད་ལེགས་པར་གྲུབ་པ།རྒྱ་གར་བྱང་ཕྱོགས་བདེན་པའི་མེ་ལྕེ་ནེ་ནི་ཏལ་དུ་སྐོར་བསྐྱོད་ལེགས་པར་གྲུབ་པ།

དེ་ནས་ཧལ་དྷོ་ཝ་ནི་ལ་སྐོར་བསྐྱོད་ཀྱིས་དེར་ཧི་མ་ལ་ཡ་པ་རི་ཝར་གྱི་ཚོགས་མིས་སྣེ་བསུ་གནང་། དེར་གསར་འགོད་ལྷན་ཚོགས་དང་བདེན་པའི་མེ་ལྕེ་ལས་འགུལ་དང་འབྲེལ་བའི་ལྟེབ་ཤོག་བརྒྱ་ཕྲག་མང་པོ་འགྲེམས་སྤེལ་གནང་ཏེ་ནེ་ནི་ཏལ་དུ་ཐད་བསྐྱོད་གནང་བར་ས་གནས་སུ་བོད་མི་དང་ཡུལ་མི་བཅས་ནས་སྣེ་བསུ་གཟབ་རྒྱས་ཞུས་ཤིང་། ཧིན་བོད་གཉིས་ཀྱི་རྒྱལ་གླུ་དང་བདེན་ཚིག་སྨོན་ལམ་འགྱེར་འདོན་གནང།
རྒྱ་གར་བྱང་ཕྱོགས་བདེན་པའི་མེ་ལྕེ་ནེ་ནི་ཏལ་དུ་སྐོར་བསྐྱོད་ལེགས་པར་གྲུབ་པ།རྒྱ་གར་བྱང་ཕྱོགས་བདེན་པའི་མེ་ལྕེ་ནེ་ནི་ཏལ་དུ་སྐོར་བསྐྱོད་ལེགས་པར་གྲུབ་པ།
ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༢༨ ཞོགས་པ་ཆུ་ཚོད་ ༡༠་༠༠ ཐོག་བོད་པའི་ཁྲོམ་སར་མཛད་སྒོ་ཚོགས་ཤིང་མཛད་སྒོ་གོ་སྒྲིག་མཉམ་རུབ་གནང་མཁན་བོད་ཀྱི་ཁྲོམ་སའི་ཚོགས་གཙོ་པདྨ་ཇི་སྲིད་ཐར་ནས་གནང་། མཛད་སྒོ་དེའི་སྐུ་མགྲོན་གཙོ་བོ་པདྨ་བྷུ་ཤན་གཟེངས་བསྟོད་བཞེས་མྱོང་མཁན་ཌོག་ཊར་ཡ་ཤོར་དྷར་མད་པལ་དང་། མངའ་སྡེའི་གྲོས་ཚོགས་འཐུས་མི་ལྕམ་ས་རི་ཏ་ཨརྱ། མངའ་སྡེའི་གྲོས་ཚོགས་འཐུས་མི་ཟུར་པ་ཌོག་ཊར་ན་རྱན་དཱས་སིངྒ་ལ་སོགས་ཕེབས། མཛད་སྒོ་དེར་བོད་མི་དང་ཡུལ་མི་གསར་འགོད་པ་མང་དག་ཕེབས་གནང་ཡོད་འདུག སྐུ་མགྲོན་རྣམ་པས་ཚོར་ཤུགས་ཆེན་པོས་གཏམ་བཤད་གནང་བར་མཛད། ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༢༩ ཉིན་སྐུ་མགྲོན་གཙོ་བོ་ཌོག་ཊར་ཡ་ཤོར་དྷར་མད་པལ་གྱི་ལྷན་ལེ་དབར་ ༧༢ (Km.36) ཙམ་སྟེ་བྷ་ཝ་ལི་དང་བྷིམ་ཏལ་བཅས་སུ་སྐོར་བསྐྱོད་གནང་ཞིང་དེར་བྷོ་ཊི་ཡའི་མཐུན་ཚོགས་དང་། ཚོང་པའི་མཐུན་ཚོགས། སུ་ཤིལ་མནྡིར་སློབ་གྲྭ་བཅས་ནས་སྣེ་བསུའི་གཞས་བཏང་གནང་བ་དང་གསར་འགོད་ལྷན་ཚོགས་ཞུས། ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༣༠ ཉིན་ཌེ་ཌུན་བདེ་སྐྱིད་གླིང་གི་ས་གནས་འགོ་འཛིན་ལ་ས་རན་སྤུར་དུ་བརྒྱུད་སྤྲོད་གནང་རྒྱུའི་ཆེད་རྩིས་སྤྲོད་ཞུས་པ་བཅས། ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༢ ལ།།

རྒྱ་གར་བྱང་ཕྱོགས་བདེན་པའི་མེ་ལྕེ་ནེ་ནི་ཏལ་དུ་སྐོར་བསྐྱོད་ལེགས་པར་གྲུབ་པ།རྒྱ་གར་བྱང་ཕྱོགས་བདེན་པའི་མེ་ལྕེ་ནེ་ནི་ཏལ་དུ་སྐོར་བསྐྱོད་ལེགས་པར་གྲུབ་པ།རྒྱ་གར་བྱང་ཕྱོགས་བདེན་པའི་མེ་ལྕེ་ནེ་ནི་ཏལ་དུ་སྐོར་བསྐྱོད་ལེགས་པར་གྲུབ་པ།རྒྱ་གར་བྱང་ཕྱོགས་བདེན་པའི་མེ་ལྕེ་ནེ་ནི་ཏལ་དུ་སྐོར་བསྐྱོད་ལེགས་པར་གྲུབ་པ།
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་འབུལ་ལམ་ཞུ་རྒྱུའི་དྲ་ལམ་བརྒྱུད་ས་རྟགས་བསྡུ་འགོད་ཞུ་སའི་དྲ་ལམ་ཁ་བྱང་ནི།