རྒྱ་གར་གྲོས་ཚོགས་ནང་བོད་དོན་གླེང་སློང་བྱེད་རྒྱུར་བསྒྲགས་གཏམ་སྤེལ།

 

 

རྒྱ་གར་གྲོས་ཚོགས་ནང་བོད་དོན་གླེང་སློང་བྱེད་རྒྱུར་བསྒྲགས་གཏམ་སྤེལ།རྒྱ་གར་གྲོས་ཚོགས་ནང་བོད་དོན་གླེང་སློང་བྱེད་རྒྱུར་བསྒྲགས་གཏམ་སྤེལ།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་བྱང་ཕྱོགས་ཞུ་གཏུགས་ལས་འགུལ་བ་རྣམས་ཀྱིས་མངའ་སྡེ་བྷེ་ཧར་ནང་ཞུ་གཏུགས་ལས་འགུལ་སྤེལ་བཞིན་པ་ལྟར་ཕྱི་ཚེས་༡༩ ཉིན་Lokjan shakti party གཙོ་འཛིན་དང་། དབུས་གྲོས་ཚོགས་འཐུས་མི་Ramvillas paswan མཆོག་ལ་བོད་དོན་ཞུ་གཏུགས་ཞུས། ཁོང་གིས་བརྙན་འཕྲིན་དང་གསར་ཤོག་སོགས་གསར་འགོད་པ་ཉི་ཤུ་ལྷག་ཅིག་འཛོམས་སར་བོད་དོན་བསྒྲགས་གཏམ་སྤེལ་དོན། བོད་དོན་ཞུ་གཏུགས་ལས་འགུལ་བ་རྣམས་ངའི་རྩར་སླེབས་སོང་། ཁོང་ཚོས་བོད་ནང་གི་ཛ་དྲག་གི་དཀའ་ངལ་སྐོར་བཤད་སོང་། ཁོང་ཚོས་བཤད་པ་དེ་དངོས་འབྲེལ་རེད། བོད་ཀྱི་དཀའ་ངལ་དེ་ནི་བོད་གཅིག་བུའི་གནད་དོན་ཞིག་མིན་པར་རྒྱ་གར་གྱི་དཀའ་ངལ་ལ་འབྲེལ་བ་ཡོད་པ་ཞིག་རེད་འདུག ང་ཚོའི་ཚོགས་པ་དང་། རྒྱ་གར་གཞུང་མང་གིས་སྔོན་ནས་བོད་དོན་ལ་རྒྱབ་སྐྱོར་ཡོད་པ་རེད། ད་རེས་ཀྱི་ཞུ་དོན་རྣམས་ཕྱི་ཟླ་གཉིས་པའི་རྒྱ་གར་གྱི་གྲོས་ཚོགས་ནང་གླེང་སློང་དང་བོད་དོན་གྲོས་ཆོད་འཇོག་ཐུབ་པར་འབད་བརྩོན་བྱེད་རྒྱུ་ཡིན། དེ་བཞིན་རྒྱ་གར་སྲིད་བློན་མཆོག་ལ་བོད་ཀྱི་ཛ་དྲག་གི་དཀའ་ངལ་ཐོག་དམིགས་བསལ་ཐུགས་འཁུར་བཞེས་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་དང་། ཕྱི་ཟླ་གཉིས་པའི་ཚེས་༢ ཉིན་ཁོང་ཉིད་ལྡི་ལིར་ཡོད་པས་ཉིན་གུང་ཆུ་ཚོད་༡༢་ཕྱེད་ཐོག་ཞུ་གཏུགས་ལས་འགུལ་བ་རྣམས་བསྐྱར་ཏུ་མཇལ་འཕྲད་དུ་ཡོང་རོགས་ཞེས་དུས་ཚོད་གཏན་འབེབས་ཀྱི་གོ་སྐབས་ཀྱང་གནང་ཡོད་པ་རེད།

གསར་འགོད་པ་རྣམས་ཀྱིས་ཞུ་གཏུགས་ལས་འགུལ་བ་རྣམས་ལ་དྲི་བ་དྲིས་པར་སྤྱི་འཐུས་ཟླ་བ་ཚེ་རིང་མཆོག་གིས་ཧིན་སྐད་དང་། སྤྱི་འཐུས་ཡེ་ཤེས་སྒྲོན་མ་ལགས་ཀྱིས་དབྱིན་སྐད་ཀྱི་ཐོག་ནས་ལན་འདེབས་གསལ་བཤད་ཀྱིས་བོད་དོན་གསར་འགོད་བརྒྱུད་ལམ་ཁག་ཏུ་བོད་དོན་དྲིལ་བསྒྲགས་ཤུགས་ཆེར་བྱུང་ཡོད་པ་རེད།

རྒྱ་གར་གྲོས་ཚོགས་ནང་བོད་དོན་གླེང་སློང་བྱེད་རྒྱུར་བསྒྲགས་གཏམ་སྤེལ་བཞིན་པ།རྒྱ་གར་གྲོས་ཚོགས་ནང་བོད་དོན་གླེང་སློང་བྱེད་རྒྱུར་བསྒྲགས་གཏམ་སྤེལ་བཞིན་པ།རྒྱ་གར་གྲོས་ཚོགས་ནང་བོད་དོན་གླེང་སློང་བྱེད་རྒྱུར་བསྒྲགས་གཏམ་སྤེལ་བཞིན་པ།རྒྱ་གར་གྲོས་ཚོགས་ནང་བོད་དོན་གླེང་སློང་བྱེད་རྒྱུར་བསྒྲགས་གཏམ་སྤེལ་བཞིན་པ།

རྒྱ་གར་གྲོས་ཚོགས་ནང་བོད་དོན་གླེང་སློང་བྱེད་རྒྱུར་བསྒྲགས་གཏམ་སྤེལ་བཞིན་པ།རྒྱ་གར་གྲོས་ཚོགས་ནང་བོད་དོན་གླེང་སློང་བྱེད་རྒྱུར་བསྒྲགས་གཏམ་སྤེལ་བཞིན་པ།

གནས་ཚུལ་མཁོ་གཏོང་བ་རྨོག་རུ་བསྟན་པ།