རྒྱ་གར་གྱི་དུས་ཆེན་ཐོག་མགྲོན་འབོད་ལྟར་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཏུ་སྤྱི་འཐུས་བློ་བཟང་ཡེ་ཤེས་མཆོག་ཕེབས་པ།

ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༡༤ ཉིན་བོད་མི་མང་གི་སྤྱི་འཐུས་བློ་བཟང་ཡེ་ཤེས་མཆོག་རྒྱ་གར་ཧི་མཱ་ལ་ཡ་ཁྱིམ་ཚང་  (Himalaya Pariwar)  དང་།  (Indian National Trust for Art & Culture)  ཞེས་པའི་ཚོགས་པས་གོ་སྒྲིག་འོག་རྡ་ཤོད་རྫོང་ལས་ཁུངས་ཀྱི་  (Zila Parishad )  ཚོགས་ཁང་ནང་  (Makar Sankranti)  ཞེས་ཉི་མའི་ཁྱིམ་རྒྱུད་ཀྱི་གཟའ་བཅུའི་རྒྱུ་ལམ་དགུ་པ་གཞུའི་ཁྱིམ་ནས་བཅུ་པ་ཆུ་སྲིན་གྱི་ཁྱིམ་ (Makar)  དུ་འཕོ་འགྱུར་གྱི་གནས་སྐབས་ཀྱི་ཉིན་མོ་ཞེས་སྲུང་བརྩི་ཞུས་ཡོད་པ་དེ་ལ་མགྲོན་འབོད་ལྟར་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་གནང་སྟེ་ཕེབས་ཡོད་པ་རེད།IMG_4984 དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༣།༣༠ ཐོག་སྐུ་མགྲོན་གཙོ་བོ་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་ཟུར་པ་སྐུ་ཞབས་ཀེ་སི་ཤཱར་མ་  (K.C.Sharma) མཆོག་དང་། བོད་མི་མང་སྤྱི་འཐུས་བློ་བཟང་ཡེ་ཤེས་མཆོག་དང་། སྤྱི་འཐུས་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག ཧི་མཱ་ལ་ཡ་ཁྱིམ་ཚང་ཚོགས་པའི་ཚོགས་གཙོ་དང་ཚོགས་གཞོན། རྡ་ས་ཁུལ་གནས་སྡོད་བལ་པོའི་སྐུ་ཚབ། སྤྱི་ཏི་ཁུལ་གྱི་སློབ་ཕྲུག་ཁག་གཅིག་སོགས་ལྷན་འཛོམས་ཐོག་ཧི་མཱ་ལ་ཡ་ཁྱིམ་ཚང་ཚོགས་པའི་ཚོགས་གཙོས་ཕེབས་བསུའི་གསུང་བཤད་གནང་གྲུབ་བསྟུན་དབྱངས་ཅན་མ་དང་། དབང་ཕྱུག ཚོགས་བདག་བཅས་ཀྱི་བསྟོད་གླུ་ཕུལ། དེ་ནས་སྤྱི་འཐུས་ཨ་ཅརྱཱ་ཡེ་ཤེས་ཕུན་ཚོགས་མཆོག་དང་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་ཟུར་པ་སྐུ་ཞབས་ཀེ་སི་ཤཱར་མ་མཆོག་རྣམ་གཉིས་ལ་ཕྱག་རྟགས་རེ་ཕུལ། དེ་ནས་སྤྱི་འཐུས་ཨ་ཅརྱཱ་ཡེ་ཤེས་ཕུན་ཚོགས་མཆོག་དུས་ཆེན་དེར་ལྷན་ཞུགས་གནང་ཡོད་སྟབས་ཁོང་གིས་གསུང་བཤད་གནང་དོན། དེ་རིང་རྒྱ་གར་གྱི་ཆོས་ཕྱོགས་ཀྱི་དུས་ཆེན་ (Makar Sankranti) ཁྱད་འཕགས་ཅན་འདིར་ངོས་ནས་ཚང་མར་འཚམས་འདྲི་ཞུ་རྒྱུ་དང་། ཆོས་ལུགས་ཡོངས་ཀྱི་ཆོས་པ་དང་སློབ་ཕྲུག་གི་སྐུ་ཚབ། ལྷག་པར་གཞས་པ་གྲགས་ཅན། གཞན་ཡང་མི་སྣ་ཁག་གདན་ཞུས་གནང་བར་ངོས་ནས་དམིགས་བསལ་བསྔགས་བརྗོད་ཞུ་IMG_4989རྒྱུ། འཛམ་གླིང་ནང་ཞི་བདེ་ལྷིང་འཇགས་ཡོང་བར་ཆོས་ལུགས་དང་མི་རིགས་བར་ཕན་ཚུན་འབྲེལ་ལམ་དང་མཐུན་ལམ་ལས་རིམ་འདི་ལྟ་བུའི་བརྒྱུད་ནས་ཡོང་ལ། ལྷག་པར་ཚོགས་པ་འདི་ནས་ལས་དོན་གོ་སྒྲིག་མང་དག་ཅིག་གནང་ཡོད་པས། དེས་སྤྱི་ཚོགས་ལ་ཕན་རླབས་དང་མ་འོངས་པའང་དེ་ལྟར་མུ་མཐུད་དེ་གོ་སྒྲིག་གནང་ཐབས་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན། གཙོ་བོ་མི་ཚེའི་ནང་ལས་དོན་གང་གནང་ཡང་བསམ་བློ་བཟང་པོ་དང་གཞན་ཕན་ཐོག་ཕྱག་ལས་གནང་བ་ཡིན་ན་རང་ཉིད་ལ་ནད་ན་ཚ་མི་ཡོང་བ་ལས་དོན་ལམ་འགྲོ་ཡོད་པ་ཤིག་ངོས་ལ་ཚོར་མྱོང་ཆེན་པོ་བྱུང་། ལྷག་པར་འདི་ལོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༠ ཕེབས་ཀྱི་ཡོད་པས། དེ་ལྟར་བོད་མིའི་སྤྱི་ཚོགས་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་དམིགས་བཀའ་དྲིན་རྗེས་དྲན་ལས་རིམ་གོ་སྒྲིག་གནང་འཆར་ཡོད་པ་ལྟར། ཚོགས་པ་འདི་ནས་ཀྱང་དེ་ལྟར་གོ་སྒྲིག་གནང་ཐབས་ཡོང་བའི་འབོད་སྐུལ་ཞུ་རྒྱུ་དང་བཅས་སླར་ཡང་ངོས་ནས་མཚམས་འདྲི་ཞུ་རྒྱུ། ཞེས་སོགས་ཀྱི་གསུང་བཤད་གནང་ཡོད་པ་བཅས་ཀྱི་གནས་ཚུལ་དུ།