རྒྱ་གཞུང་གི་ཅ་དངོས་ཉོ་འཚོང་དང་བེད་སྤྱོད་མི་བྱེད་པའི་ཐག་གཅོད།

རྒྱ་གཞུང་གི་ཅ་དངོས་ཉོ་འཚོང་དང་བེད་སྤྱོད་མི་བྱེད་པའི་ཐག་གཅོད་གནང་བའི་འདྲ་པར།རྒྱ་གཞུང་གི་ཅ་དངོས་ཉོ་འཚོང་དང་བེད་སྤྱོད་མི་བྱེད་པའི་ཐག་གཅོད་གནང་བའི་འདྲ་པར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བཀོད་སྒྲིག་གནང་བའི་རྒྱ་གར་བྱང་ཕྱོགས་མངའ་སྡེ་ཁག་ནང་ཞུ་གཏུགས་ལས་འགུལ་བ་རྣམས་ཨོ་དར་པར་རྡེ་ཞི་མངའ་སྡེ་ཡི་རྒྱལ་ས་ལག་ནོར་འབྱོར་ཏེ་མངའ་སྡེ་བློན་ཆེན་གཞོན་པ་མཆོག་གི་གཙོ་བོས་དཔོན་རིགས་ཁག་ལ་མཇལ་འཕྲལ་གྱིས་བོད་ནང་གི་ཛ་དྲག་གི་གནས་བབ་ཞུ་གཏུགས་བྱས་ཡོད་པ་དང་། ཕྱི་ཚེས་༡༣ ཉིན་ས་མ་ཇར་བ་རྡེ་མངའ་སྡེ་གཞུང་འཛིན་ཚོགས་པའི་འབྲེལ་ཡོད་ཤེས་ཡོན་པ་དང་། ལོ་རྒྱུས་སློབ་དཔོན།སྤྱི་ཚོགས་ཞབས་ཞུ་བ། གཞས་མ་སོགས་རྒྱ་གར་བ་ལྔ་བཅུ་ལྷག་ཅིག་མཉམ་འཛོམས་ཀྱིས་བོད་ཀྱི་གནས་དོན་ཐད་བགྲོ་གླེང་གཟབ་རྒྱས་གནང་པ་དང་། བྱང་ཕྱོགས་ཞུ་གཏུགས་ལས་འགུལ་བ་རྣམས་བགྲོ་གླེང་དུ་མཉམ་ཞུགས་གནང་སྟེ་བོད་དོན་དང་འབྲེལ་བའི་གསུང་བཤད་ཀྱང་གནང་ཡོད་པ་རེད། བགྲོ་གླེང་གི་མཇུག་མཐར་ཚོགས་འཛོམས་ཐོག་རྒྱ་ནག་གཞུང་གིས་བོད་ལ་འགྲོ་བ་མིའི་ཐོབ་ཐང་མ་སྤྲད་པ་དང་། ཛ་དྲག་གནས་བབ་ཀྱི་དཀའ་ངལ་མ་སེལ་བར། དེ་བཞིན་ཕྱི་ལོ་༡༩༦༢ ལོར་རྒྱ་གར་ས་ཁུལ་རྒྱ་ནག་གིས་བཙན་བཟུང་བྱས་པ་ཁག་ཕྱིར་སྤྲོད་མ་བྱས་པར་དུ་རྒྱ་ནག་གི་ཅ་དངོས་ཉོ་འཚོང་དང་བེད་སྤྱོད་མི་བྱེད་པ་མ་ཟད་ཚོང་རྫས་རིགས་ལ་ལག་པའང་འཆང་རྒྱུ་མིན་པའི་སྤྱི་མོས་ཐག་གཅོད་བྱུང་ཡོད་པ་རེད།

རྒྱ་གཞུང་གི་ཅ་དངོས་ཉོ་འཚོང་དང་བེད་སྤྱོད་མི་བྱེད་པའི་ཐག་གཅོད་གནང་བའི་འདྲ་པར།རྒྱ་གཞུང་གི་ཅ་དངོས་ཉོ་འཚོང་དང་བེད་སྤྱོད་མི་བྱེད་པའི་ཐག་གཅོད་གནང་བའི་འདྲ་པར།

ཉིན་རྒྱབ་ཆུ་ཚོད་གཉིས་པར་ལག་ནོའི་གྲོང་ཁྱེར་ནང་གསར་འགོད་ལྷན་ཚོགས་ཤིག་སྐོང་བར་གསར་འགོད་པ་ལྔ་བཅུ་ལྷག་ཅིག་གིས་བོད་དོན་ལ་དོ་སྣང་ཆེན་པོ་གནང་ཡོད་པ་དང་། ཞུ་གཏུགས་ལས་འགུལ་བ་རྣམས་ཀྱིས་ལག་ཏུ་ཁ་བཏགས་བཟུང་ཏེ་བོད་ནང་རང་ལུས་མེར་བསྲེགས་གཏོང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱིས་༸གོང་ས་མཆོག་བོད་དུ་ཕེབས་སུ་འཇུག་དགོས་པ་དང་། བོད་ནང་རང་དབང་དགོས་པའི་དགོས་འདུན་འདོན་གྱིན་ཡོད།དེའི་ཕྱིར། ཞུ་གཏུགས་ལས་འགུལ་བ་རྣམས་ཀྱིས་ཁ་བཏགས་དང་ལྷན་དུ་གཞིས་ལུས་བོད་མིའི་རེ་འདུན་བཟུང་ཡོད། རྒྱ་གར་གཞུང་མང་གིས་བོད་ནང་གི་ཛ་དྲག་གི་དཀའ་ངལ་སེལ་ཐབས་སླད་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུ་བཞིན་ཡོད་པའི་འགྲེལ་བཤད་གནང་རྗེས་གསར་འགོད་པ་རྣམས་ཀྱི་དྲི་བར་དྲི་ལན་སོགས་གནང་ཡོད་པ་རེད།

གནས་ཚུལ་མཁོ་གཏོང་བ་རྨོག་རུ་བསྟན་པ།