རུ་སུ་ནས་ཡིན་པའི་རིག་གཞུང་རུ་ཁག་སྤྱི་ལྷན་དུ་གཟིགས་སྐོར་དུ་ཕེབས་པ།

 

img_5454

ད་རིང་སྔ་དྲོའི་ཆུ་ཚོད་ ༩།༠༠ པ་ཡོལ་ཙམ་ལ་རུ་སུ་ནས་ཡིན་པའི་རིག་གཞུང་རུ་ཁག་ཅིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་གཟིགས་སྐོར་ཕེབས་པའི་སྐབས་སུ་དཔལ་ལྡན་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་ནས་ཁོང་རྣམ་པར་འཚམས་འདྲི་ཞུས་ཏེ། གྲོས་ཚོགས་ཀྱི་ཚོགས་ཁང་གི་སྤྱི་ལྷན་ངོ་སྤྲོད་དང་། བཙན་བྱོལ་བོད་མི་སྤྱིའི་འཐབ་རྩོད་ཀྱི་གནས་བབ། བོད་ཀྱི་རྩ་དོན་དང་དེ་བཞིན་རྒྱ་ནག་གཞུང་ནས་བོད་ནང་དྲག་གནོན་ཇི་བྱེད་ཐོག་འགྲེལ་བརྗོད་གནང་བ་དང་། ཁོང་རྣམ་པས་བཀའ་འདྲི་གནང་བའི་ཐོག་བཀའ་ལན་གསལ་བཤད་ཞུས་རྗེས། མ་འོངས་པར་བོད་དོན་ཐོག་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་དང་ལྷག་པར་དུ་རུ་སུ་ནང་བོད་ནང་བོད་མིའི་སྒྲིག་འཛུགས་ཀྱི་དོན་གཅོད་ཁང་དང་འབྲེལ་ལམ་གནང་ཐབས་ཡོང་བའི་འབོད་སྐུལ་གནང་ཡོད་པ་བཅས།

img_5455