མངའ་སྡེ་ཁག་གཉིས་ནང་གསར་འགོད་ལྷན་ཚོགས་དང་ཞུ་གཏུགས་ལས་འགུལ་སྤེལ།

 

མངའ་སྡེ་ཁག་གཉིས་ནང་གསར་འགོད་ལྷན་ཚོགས་དང་ཞུ་གཏུགས་ལས་འགུལ་སྤེལ་བཞིན་པ།མངའ་སྡེ་ཁག་གཉིས་ནང་གསར་འགོད་ལྷན་ཚོགས་དང་ཞུ་གཏུགས་ལས་འགུལ་སྤེལ་བཞིན་པ།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བཀོད་ཁྱབ་འོག་རྒྱ་གར་བྱང་ཕྱོགས་ཞུ་གཏུགས་ལས་འགུལ་ཚོགས་ཆུང་གིས་ཕྱི་ཚེས་༢༢ ཉིན་ཡོ་པེ་UP མངའ་སྡེ་ཡི་གྲོང་ཁྱེར་Allapath ནང་བོད་དོན་ཞུ་གཏུགས་དང་གསར་འགོད་ལྷན་ཚོགས་སྐོང་། གོང་ཚེས་ཉིན་གྱི་ཞོགས་པར་ས་གནས་མངའ་གྲོས་ཚོགས་འཐུས་མི་སོགས་གནད་ཡོད་ཁག་ཅིག་ལ་ཞུ་གཏུགས་སྙན་ཞུ་ཕུལ་བ་དང་། ཉིན་གུང་ཆུ་ཚོད་དང་པོའི་ཐོག་ཇོ་བ་ལ་བདེ་བས་མཐོ་སློབ་ཀྱི་ཚོགས་ཁང་ནང་གསར་འགོད་ལྷན་ཚོགས་སྐོང་དེ་གསར་འགོད་པ་ཉི་ཤུ་ལྷག་ཅིག་གིས་བོད་དོན་ཐོག་དོ་སྣང་དང་། རྒྱ་གར་བས་ངོས་ནས་བོད་དོན་ལས་དོན་ག་རེ་བསྒྲུབ་དགོས་མིན་སོགས་ཀྱི་དྲི་བ་དང་དྲིས་ལན་སོགས་གནང་།

མངའ་སྡེ་ཁག་གཉིས་ནང་གསར་འགོད་ལྷན་ཚོགས་དང་ཞུ་གཏུགས་ལས་འགུལ་སྤེལ་བཞིན་པ།མངའ་སྡེ་ཁག་གཉིས་ནང་གསར་འགོད་ལྷན་ཚོགས་དང་ཞུ་གཏུགས་ལས་འགུལ་སྤེལ་བཞིན་པ།

ཕྱི་ཚེས་༢༤  ཉིན་ཨེམ་པེ་MP མངའ་སྡེ་ཡི་རྒྱལ་ས་བྷོ་པལ་Bhopal ནང་འབྱོར་ཏེ་མངའ་སྡེ་འཕྲོད་བསྟེན་བློན་ཆེན་དང་། མངའ་སྡེ་གྲོང་སྡེ་བློན་ཆེན་སོགས་དབུས་སའི་གྲོས་ཚོགས་འཐུས་མི་དང་། ཀོང་རེ་སུ་དང་བྷ་ཇི་བྷ་ཡེ་ཚོགས་པ་སོགས་ཚོགས་སྡེ་ཁག་གི་འགན་འཛིན་སོགས་ལ་མཇལ་འཕྲད་དང་། ས་གནས་སུ་བཞུགས་མེད་པ་རྣམས་ལ་སྙན་ཞུ་འབུལ་ལམ་གྱིས་བོད་དོན་ཞུ་གཏུགས་ཞུས། ཕྱི་ཚེས་༢༥ ཉིན་གྱི་ཞོགས་པའི་ཆུ་ཚོད་༡༡་དང་ཕྱེད་ཀའི་ཐོག་Bhopal གྲོང་ཁྱེར་ནང་ཡོད་གསར་འགོད་ལྟེ་གནས་སུ་གསར་འགོད་ལྷན་ཚོགས་སྐོང་། གསར་འགོད་པ་༣༠ ལྷག་ཅིག་གིས་དོ་སྣང་ཆེན་པོས་དྲི་བ་དྲིས་ལན་སོགས་གནང་། ཉིན་རྒྱབ་ནས་མུ་མཐུད་ཞུ་གཏུགས་ཀྱི་ལས་འགུལ་སྤེལ་བཞིན་ཡོད་འདུག

མངའ་སྡེ་ཁག་གཉིས་ནང་གསར་འགོད་ལྷན་ཚོགས་དང་ཞུ་གཏུགས་ལས་འགུལ་སྤེལ་བཞིན་པ།མངའ་སྡེ་ཁག་གཉིས་ནང་གསར་འགོད་ལྷན་ཚོགས་དང་ཞུ་གཏུགས་ལས་འགུལ་སྤེལ་བཞིན་པ།

གནས་ཚུལ་མཁོ་གཏོང་བ་རྨོག་རུ་བསྟན་པ།