མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གི་སྙན་ཐོར་མཇུག་གནོན།

༄༅། །བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༥ པས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༡༠་་༡༡ སོགས་ཀྱི་རྩིས་ཞིབ་སྙན་ཐོ་ཁག་ལ་ཞིབ་འཇུག་གནང་བའི་གྲུབ་དོན་སྙན་ཐོ་gyunley (2)སྤྱི་འཐུས་སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་ ༦ པའི་ཐོག་འབུལ་ལམ་ཞུས་པར། འཛིན་སྐྱོང་བཀའ་ཤག་ནས་མཇུག་སྐྱོང་ཇི་གནང་གི་སྙན་ཐོ་ཕུལ་འབྱོར་ལ་སྤྱི་འཐུས་རྒྱུན་ལས་ནས་ཞིབ་འཇུག་གནང་སྟེ་གྲོས་ཚོགས་སུ་འབུལ་རྒྱུ་གནང་བ་ལྟར། དེ་རིང་ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༡ ནས་བཟུང་སྤྱི་འཐུས་རྒྱུན་ལས་ཀྱིས་ཞིབ་འཇུག་གནང་རྒྱུ་འགོ་འཛུགས་གནང་པ་ལྟར་བདུན་ཕྲག་འདིའི་ལས་ཉིན་ཆ་ཚང་རྒྱུན་ལས་ལྷན་འཛོམས་ཀྱིས་ཞིབ་འཇུག་དང་འདྲི་ཞིབ་དགོས་རིགས་གནང་རྒྱུ་དང། ད་དུང་མ་གྲུབ་ཚེ་རྗེས་སུ་རིམ་པས་གནང་རྒྱུ་ཡིན་པ་བཅས། ཚོགས་དྲུང་ལས་ཁུངས་ནས་ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༡ ལ།།