བྷུར་ཡ་མངའ་ཁུལ་དུ་བདེན་པའི་མེ་ལྕེ་བསྐོར་བསྐྱོད།

བྷར་ཡའི་རྒྱལ་ས་ཨོ་ལན་ཨུ་དེ་ནང་བདེན་པའི་མི་ལྕེ་སྐོར་བསྐྱོད་གནང་བ།བྷར་ཡའི་རྒྱལ་ས་ཨོ་ལན་ཨུ་དེ་ནང་བདེན་པའི་མི་ལྕེ་སྐོར་བསྐྱོད་གནང་བ།
༢༠༡༢ ཟླ་ ༩ ཚེས་ ༣ རེས་གཟའ་ཟླ་བ།
༄༅། །འདི་གར་བོད་མི་མང་སྤྱི་འཐུས་རྨོག་རུ་བསྟན་པ་ལགས་བརྒྱུད་ཀརྨ་བསྟན་འཛིན་ལགས་ ཀྱིས་བཏང་གནས་ནང་འཁོད་དོན། ཕྱི་ལོ་༢༠༡༢།༩།༢ བོད་ཀྱི་མང་གཙོའི་དུས་ཆེན་ཉིན་ཨུ་རུ་སུའི་མངའ་ཁུལ་བྷུར་ཡ་སྤྱི་མཐུན་རྒྱལ་ ཁབ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྣེ་ཁྲིད་པའི་བདེན་པའི་མེ་ལྕེ་སྐོར་ བསྐྱོད་གནང་བ་དང་ཆབས་ཅིག་མི་མང་ནས་མཚན་རྟགས་བསྡུ་རུབ་གནང་ཡོད།
ཕྱི་ཚེས་༡ ཉིན་མོ་སི་ཁོའི་བོད་དོན་རྒྱབ་སྐྱོར་བ་བོད་ཀྱི་ཁང་པའི་ཚོགས་གཙོ་ལྕམ་སྐུ་ན་ རྒྱ་ལགས་ཀྱིས་བདེན་པའི་མེ་ལྕེ་འཁྱེར་ཏེ་བྷོ་རེ་ཡ་ཐུར་འབྱོར་ཡོད་པ་དང་། གནམ་ཐང་དུ་འབྱོར་སྐབས་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་དང་། ཚོགས་གཞོན། དྲུང་ཆེས་གཙོས་མི་མང་གིས་སྣེ་ལེན་གྱི་མཇལ་དར་བསྒྲོན་ཡོད།
བྷར་ཡའི་རྒྱལ་ས་ཨོ་ལན་ཨུ་དེ་ནང་བདེན་པའི་མི་ལྕེ་སྐོར་བསྐྱོད་གནང་བ།བྷར་ཡའི་རྒྱལ་ས་ཨོ་ལན་ཨུ་དེ་ནང་བདེན་པའི་མི་ལྕེ་སྐོར་བསྐྱོད་གནང་བ།
ཕྱི་ཚེས་༢ ཉིན་བྷར་ཡའི་རྒྱལ་ས་ཨོ་ལན་ཨུ་དེ་ (Ulan Ude) གྲོང་ཁྱེར་གྱི་མཐོ་རིམ་སློབ་གྲྭའི་ཚོགས་ཁང་ནས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ གདན་འདྲེན་ཞུས་ཡོད་པ་དང་། སྐོར་བསྐྱོད་ཀྱི་ལས་འགུལ་འདིར་མཁན་པོ་ཆོས་རྡོ་རྗེ་ལགས་དང་། དགེ་བཤེས་བྱམས་པ་འཕྲིན་ལས་སོགས་ཀྱིས་གཙོས་མི་མང་ལྔ་བརྒྱ་བརྒལ་བ་མཉམ་འཛོམས་ བྱུང་ཡོད།
བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ངག་དབང་བསྟན་འཛིན་ལགས་ཀྱིས་བདེན་པའི་ མེ་ལྕེ་ངོ་སྤྲོད་དང་འབྲེལ་བའི་གསུང་བཤད་གནང་བ་དང་། སྐུ་མགྲོན་གཙོ་བོ་མཁན་པོ་ཆོས་རྡོ་རྗེ་ལགས་དང་། དགེ་བཤེས་བྱམས་པ་འཕྲིན་ལས་སོགས་ཀྱིས་ཀྱང་གསུང་བཤད་གནང་ཡོད། དེ་རྗེས་བོད་ཀྱི་རྒྱལ་གཅེས་པ་རྣམས་ཀྱི་འདྲ༌པར་མི་མང་ཁྲོད་འགྲེམས་སྟོན་བྱས་ པར་མི་མང་གིས་ཚོར་ཤུགས་དྲག་པོའི་རྣམ་འགྱུར་བསྟན་ཡོད།
བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་མཛད་སྒོ་གྲུབ་རྗེས་མི་མང་གི་མཚན་རྟགས་བསྡུ་རུབ་གནང་ཡོད་འདུག ཐེངས་འདིའི་མཛད་སྒོར་བདེན་པའི་མེ་ལྕེ་སྐོར་བསྐྱོད་དང་འབྲེལ་བོད་ཀྱི་མང་གཙོ་ དུས་ཆེན་ཐེངས་༥༢་པསྲུང་བརྩི་ཞུས་ཡོད། བོད་ཀྱི་སྲིད་སྐྱོང་བཀའ་བློན་ཁྲི་པ་མཆོག་གིས་སྲིད་སྐྱོང་བའི་མཛད་འགན་འཁུར་ བཞེས་ནས་ལོ་གཅིག་འཁོར་བའི་དུས་དྲན་སྲུང་བརྩི་སོགས་དུས་ཆེན་གསུམ་འཛོམས་ཀྱི་ མཛད་སྒོ་གཞི་རྒྱ་ཆེ་བ་ཞིག་ཆགས་ཡོད་པ་མ་ཟད། ས་གནས་བོད་རིགས་ཚོགས་པ་གསར་འཛུགས་རྗེས་ཀྱི་གཞི་རྒྱ་ཆེ་བའི་ལས་འགུལ་དང་པོ་ དེ་ཡང་ཆགས་ཡོད་པ་བཅས།།
བྷར་ཡའི་རྒྱལ་ས་ཨོ་ལན་ཨུ་དེ་ནང་བདེན་པའི་མི་ལྕེ་སྐོར་བསྐྱོད་གནང་བ།བྷར་ཡའི་རྒྱལ་ས་ཨོ་ལན་ཨུ་དེ་ནང་བདེན་པའི་མི་ལྕེ་སྐོར་བསྐྱོད་གནང་བ།
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་འབུལ་ལམ་ཞུ་རྒྱུའི་དྲ་ལམ་བརྒྱུད་ས་རྟགས་བསྡུ་འགོད་ཞུ་སའི་དྲ་ལམ་ཁ་བྱང་ནི།