བྱང་ཨ་རི་ཁུལ་གྱི་བོད་མི་མང་སྤྱི་འཐུས་བཀྲིས་རྣམ་རྒྱལ་མཆོག་ཁན་ཎ་ཌ་དང་། ཨ་རའི་གྲོང་ཁྱེར་ཁག་ཅིག་གི་ནང་འཚམས་གཟིགས་སུ་ཕེབས་པ།

 

དེ་ཡང་སྤྱི་འཐུས་བཀྲ་ཤིས་རྣམ་རྒྱལ་མཆོག་འདི་ལོའི་ཟླ་ ༥ ཚེས་ ༢༡ ཉིན་ཁན་ཎ་ཌའི་གྲོང་ཁྱེར་ཝན་ཁུ་

ཝར་འཚམས་གཟིགས་སུ་ཕེབས་ཏེ་ཁུལ་དེའི་བོད་རིགས་མང་ཚོགས་རྒན་གཞོན་བར་གསུམ་ཐུག་འཕྲད་

ཀྱིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་མཛད་བྱུས་སྤྱི་དང་།  ཁྱད་པར་བོད་དོན་དཀའ་རྙོག་

སེལ་ཐབས།  བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་གཞིས་ཆགས་ཁག་སྲ་བརྟན་གནང་ཐབས། མ་འོངས་བོད་

ཀྱི་སོན་རྩ་རྣམས་ཀྱི་ཤེས་ཡོན་གནས་ཚད་གོང་མཐོར་གཏོང་ཐབས་ཀྱི་སློབ་གསོའི་ལས་གཞི།  གཞན་ཡང་

སྤྱི་འཐུས་ལྷ་ཚོགས་ཀྱི་ངོ་བོ་དང་འཕེལ་རིམ་བཅས་ཀྱི་སྐོར་གསུང་བཤད་གནང་བ་དང་།    ལྷག་པར་དུ་

བོད་ཀྱི་བདེན་དོན་མཐའ་གསལ་ཡོང་ཐབས་ཀྱི་ཐབས་ལམ་གཙོ་བོ་ནི་གཉིས་སྨན་དབུས་མའི་ལམ་ཡིན་

པ་དང་།

 

 

དེ་ཡང་བོད་གཞིས་བྱེས་མང་ཚོགས་ནས་མང་མོས་རྒྱབ་སྐྱོར་བྱས་པའི་ལངས་ཕྱོགས་ཤིག་ཆགས་ཡོད་པས།

དེའི་དམིགས་དོན་བསྒྲུབ་ཐབས་སུ་བོད་མི་ཡོངས་ནས་ནུས་ཤུགས་གཅིག་ཏུ་བསྒྲིལ་རྒྱུ་གལ་ཆེ་ཆགས་ཡོད་

སྐོར་དང་།  དེ་བཞིན་མང་ཚོགས་ནས་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བླ་ན་མེད་པའི་

བཀའ་དྲིན་དྲན་ཤེས་དང་།  ༸མགོན་པོ་གང་ཉིད་ཀྱི་ཐུགས་དགོངས་ལྟར་ཤར་སྐྱོད་བྱ་རྒྱུ་ནི་བོད་མིའི་

འཕྲལ་ཕུགས་རྒྱང་གསུམ་གྱི་རླབས་ཆེན་གྱི་བྱ་བ་ཞིག་ཆགས་ཡོད་པའི་སྐོར་གསུང་བཤད་གནངཡོད་པ་

རེད།   གཞན་ཡང་བོད་མི་མང་སྤྱི་འཐུས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པའི་སྐབས་གལ་གནད་ཆེ་བའི་

ལས་དོན་གང་བྱུང་གསལ་ཞུས་དང་།  དེའི་སྐབས་སུ་བྱང་ཨ་རིའི་སྤྱི་འཐུས་གཉིས་ནས་གྲོས་ཚོགས་ནང་

ལས་དོན་ཇི་ཞུས་བཅས་གསལ་བཤད་གནང་བ་སྦྲགས།  དོགས་དྲི་ཁག་ལ་གསལ་འདེབས་གྲུབ་རྗེས་ཕན་

ཚུན་གླེང་མོལ་ལྷུག་པོར་གནང་ཡོད་པ་རེད།  དེའི་གོང་སྟེ་འདི་ལོའི་ཕྱི་ཟླ་ ༢ ཚེས་ ༡༣ ནས་ཨ་རིའི་གྲོང་

ཁྱེར་མེ་ཌི་སན་དང་།   ཅི་ཀ་ཁོ་བཅས་སུ་མཚམས་གཟིགས་སྐོར་སྐྱོད་དུ་ཕེབས་ཡོད་པ་དང་།   དེའི་སྐབས་

གོང་མཚུངས་བཞིན་གསུང་བཤད་གནང་ཡོད་པ་བཅས་སོ།།