བྱང་ཤར་ཁུལ་གྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད་སྒང་ཏོག་ས་གནས་སུ་འབྱོར་བ།

བྱང་ཤར་ཁུལ་གྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད་སྒང་ཏོག་ས་གནས་སུ་འབྱོར་བ།བྱང་ཤར་ཁུལ་གྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད་སྒང་ཏོག་ས་གནས་སུ་འབྱོར་བ།སྒང་ཏོག་ས་གནས་སུ་མར་མེ་ཁྲོམ་སྐོར་ལྷན་བདེན་པའི་མེ་ལྕེ་སྐོར་བསྐྱོད་གནང་བ།སྒང་ཏོག་ས་གནས་སུ་མར་མེ་ཁྲོམ་སྐོར་ལྷན་བདེན་པའི་མེ་ལྕེ་སྐོར་བསྐྱོད་གནང་བ།
ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༢༡ ཉིན་སྒང་ཏོག་གི་རོང་པོ་ཞེས་པའི་ས་གནས་སུ་སྒང་ཏོག་ས་གནས་འགོ་འཛིན་ཀརྨ་དགྲ་འདུལ་མཆོག་དང་ལས་བྱེད་རྣམ་པ། གཞན་ཡང་ཚོགས་ཆུང་ཁག་དྲུག་གི་ཚོགས་གཙོ་རྣམ་པ་དང་ས་གནས་འཐུས་མི་བཅས་ལ་ཀ་སྦུག་ས་གནས་འཐུས་མི་ནས་བདེན་པའི་མེ་ལྕེ་བརྒྱུད་སྤྲོད་གནང་བ་དང་། དེ་ནས་བོད་ལྷ་གསོལ་སར་སྐོར་བསྐྱོད་ཀྱིས་དེར་མཁན་རིན་པོ་ཆེ་མཆོག་དང་། དགོན་པ་བརྒྱད་ཀྱི་དབུ་འཛིན་རྣམ་པར་རྩིས་སྤྲོད་ཞུས་པ་རེད།
ཕྱི་ཟླ་ ༨ པའི་ཚེས་ ༢༢ ཉིན་བོད་ལྷ་གསོལ་སར་སྒང་ཏོག་ས་གནས་བོད་མི་རྣམས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་ཡུན་རིང་བརྟན་ཆེད་བསང་གསོལ་གནང་། དེའི་རྗེས་ཤར་པ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་པ་སངས་ཤར་པ་ལགས་ནས་བདེན་པའི་མེ་ལྕེར་མཇལ་དར་སྒྲོན་གནང་ནས་སྐོར་བསྐྱོད་དབུ་འཛུགས་གནང་བ་རེད།
སྒང་ཏོག་ས་གནས་སུ་མར་མེ་ཁྲོམ་སྐོར་ལྷན་བདེན་པའི་མེ་ལྕེ་སྐོར་བསྐྱོད་གནང་བ།སྒང་ཏོག་ས་གནས་སུ་མར་མེ་ཁྲོམ་སྐོར་ལྷན་བདེན་པའི་མེ་ལྕེ་སྐོར་བསྐྱོད་གནང་བ།བྱང་ཤར་ཁུལ་གྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད་སྒང་ཏོག་ས་གནས་སུ་འབྱོར་བ།བྱང་ཤར་ཁུལ་གྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད་སྒང་ཏོག་ས་གནས་སུ་འབྱོར་བ།
སྒང་ཏོག་ས་གནས་ཉེན་རྟོག་པའི་སྤྱི་ཁྱབ་པ་ནས་སྒང་ཏོག་ཁུལ་དུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཐད་ཆོག་མཆན་ཐོབ་རྗེས། ས་གནས་བོད་མི་རྣམས་ཀྱིས་བོད་ལྷ་གསོལ་ས་ནས་དབུ་འཛུགས་ཀྱིས་བདེན་པའི་མེ་ལྕེ་ཅནྡ་མ་རི་ (Chandmari) དང་། ཛི་རོ་པོ་ཡེནཊ་(Zero point) ས་དར་པི་ཨེས་(Sadar PS)དང་བོད་ལམ་ (Tibet Road) བར་དང་། བོད་ལམ་(Tibet Road)ནས་ཀ་ཛི་ལམ་(Kazi Road) མཐའ་མ་ས་གནས་འཐུས་ཚོགས་ཀྱི་ཚོགས་ཁང་ནས་ཆོལ་གསུམ་ཚོགས་ཁང་བར་སྐོར་བསྐྱོད་གྲུབ་པ་དང།
ཚོགས་ཁང་ནང་ས་གནས་བོད་མི་ལྷན་འཛོམས་ཐོག་གཞིས་ལས་ཁང་དྲུང་ཆེ་ནས་ལས་རིམ་སྒྲོག་བྱང་དང་། ས་གནས་འགོ་འཛིན་གྱིས་བདེན་པའི་མེ་ལྕེའི་དམིགས་ཡུལ་ངོ་སྤྲོད་དང་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་དང་འབྲེལ་བའི་གསུང་བཤད་སྙིང་བསྡུས་ཤིག་གནང་།
དེའི་རྗེས་རྒྱལ་གཅེས་དཔའ་བོ་དཔའ་མོ་རང་ལུས་མེར་བསྲེགས་གནང་མཁན་རྣམས་ཀྱི་ཆེད་དུས་ཡུན་སྐར་མ་གཉིས་རིང་ངག་བཅད་མྱ་ངན་གུས་འདུད་ཞུས་པ་དང་། མཛད་སྒོའི་མཇུག་བསྡོམས་སུ་ས་གནས་མི་མང་དང་བོད་མི་རྣམས་ནས་ས་རྟགས་བསྡུ་རུབ་ཀྱང་ཞུས་པ་རེད།
སྒང་ཏོག་ས་གནས་སུ་བདེན་པའི་མེ་ལྕེའི་ལས་འགུལ་སྤེལ་བཞིན་པ།སྒང་ཏོག་ས་གནས་སུ་བདེན་པའི་མེ་ལྕེའི་ལས་འགུལ་སྤེལ་བཞིན་པ།བྱང་ཤར་ཁུལ་གྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད་སྒང་ཏོག་ས་གནས་སུ་འབྱོར་བ།བྱང་ཤར་ཁུལ་གྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད་སྒང་ཏོག་ས་གནས་སུ་འབྱོར་བ།
ས་གནས་འགོ་འཛིན་གྱིས་ས་གནས་དཔོན་པོར་ཨེམ་ཇི་མརྒ་(MG Marg)དུ་ས་རྟགས་བསྡུ་རུབ་ཆེད་ཁང་ཆུང་ཞིག་འཛུགས་རྒྱུའི་ཆོག་མཆན་ཞུས་པར། ཁོང་ཚོས་ཁང་ཁྱིམ་རེ་རེའི་སྒོ་ཙར་ཕྱིན་ནས་ས་རྟགས་བསྡུ་རུབ་བྱ་རྒྱུ་ལས་ས་གནས་མི་མང་ཁྲོམ་གཞུང་ནང་ལས་འགུལ་འདི་འདྲ་སྤེལ་མི་ཆོག་པ་དང་། དེའི་ཐད་དྲུང་ཆེ་གཙོ་བོ་མཆོག་དང་འབྲེལ་གཏུགས་གནང་དགོས་པའི་ལམ་སྟོན་གནང་བྱུང་། དེ་ལྟ་ནའང་དྲུང་ཆེ་གཙོ་བོ་ས་གནས་གཞན་ཞིག་ཏུ་ཕེབས་ཡོད་འདུག་ ས་རྟགས་བསྡུ་རུབ་ཀྱི་ལས་དོན་འགྲོ་མུས་ཡིན།
ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༢༦ རེས་གཟའ་ཉི་མ་ཉིན་ས་གནས་ཉེན་རྟོག་པའི་སྤྱི་ཁྱབ་མཆོག་ནས་ཆོག་མཆན་ཞུས་ཐོབ་རྗེས། ཕྱི་དྲོ་ཆུ་ཚོད་ ༦ པའི་ཐོག་སྒང་ཏོག་ཏུ་བདེན་པའི་མེ་ལྕེ་དང་སྦྲགས་མར་མེའི་ཁྲོམ་སྐོར་ཐོག་མར་ཆོལ་གསུམ་ཚོགས་ཁང་ནས་གུ་རུ་དགོན་པ་བརྒྱུད་དེ་འབྲས་ལྗོངས་གློག་བརྙན་ཁང་བར་བྱས་པ་རེད། མཇུག་ཏུ་བདེན་ཚིག་སྨོན་ལམ་འདོན་ཏེ་ལས་འགུལ་མཇུག་བསྒྲིལ།
ཕྱི་ཟླ་ ༨ ཚེས་ ༢༧ ཉིན་སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་ས་གནས་འགོ་འཛིན་དང་ལས་བྱེད་རྣམ་པ། ཚོགས་པ་དྲུག་གི་ཚོགས་གཙོ་དང་ཚོགས་མི་རྣམ་པ་ར་ཝང་ལར་ཐོན་ཏེ། དེར་ས་གནས་འགོ་འཛིན་བློ་བཟང་ལགས་དང་། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་རྣམས་ཀྱི་ཚོགས་གཙོ་དང་མི་མང་ནས་བདེན་པའི་མེ་ལྕེ་སྣེ་བསུ་གཟབ་རྒྱས་ཞུས་པ་དང་སྦྲགས་མཇལ་དར་སྒྲོན་ཐོག་ཚོགས་ཁང་དུ་བསྣམས་འདུག།
བྱང་ཤར་ཁུལ་གྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད་སྒང་ཏོག་ས་གནས་སུ་འབྱོར་བ།བྱང་ཤར་ཁུལ་གྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད་སྒང་ཏོག་ས་གནས་སུ་འབྱོར་བ།