བྱང་ཕྱོགས་བདེན་པའི་མེ་ལྕེ་བཀྲིས་ལྗོངས་ནས་ཤེས་རབ་གླིང་དུ་བརྒྱུད་སྤྲོད་གནང་བའི་གནས་ཚུལ།

བྱང་ཕྱོགས་བདེན་པའི་མེ་ལྕེ་བཀྲིས་ལྗོངས་ནས་ཤེས་རབ་གླིང་དུ་བརྒྱུད་སྤྲོད་གནང་བའི་གནས་ཚུལ།བྱང་ཕྱོགས་བདེན་པའི་མེ་ལྕེ་བཀྲིས་ལྗོངས་ནས་ཤེས་རབ་གླིང་དུ་བརྒྱུད་སྤྲོད་གནང་བའི་གནས་ཚུལ།
དེ་ཡང་ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡ ཉིན་ཧི་མ་ཅཱལ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་པར་ཝིན་ཤཱར་མ་མཆོག་དབུ་བཞུགས་སྐབས་རྡ་ས་ས་གནས་འགོ་འཛིན་ནས་བཀྲིས་ལྗོངས་བོད་མིའི་བཟོ་ལས་ཚོགས་པའི་དྲུང་ཆེ་སྐུ་ཞབས་ཡེ་ཤེས་ཆོས་རྒྱལ་ལགས་སུ་བརྒྱུད་སྤྲོད་གནང་ཡོད་པ་དང་། ཆུ་ཚོད་ ༡ ཐོག་བཀྲིས་ལྗོངས་སྡེ་དགོན་གཉིས་ཀྱི་སེར་སྐྱ་མི་མང་འདུ་འཛོམས་ཀྱིས་བདེན་པའི་མེ་ལྕེ་སྣེ་བསུ་དང་འབྲེལ་གཙུག་ལག་ཁང་ཞབས་སྐོར་གནང་བའི་རྗེས་ཡིག་ཚང་དུ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་སྟེ་དེ་ཉིན་མཛད་སྒོ་གྲོལ། ཕྱི་ཚེས་ ༢ ཉིན་ཡིག་ཚང་དུ་མཁན་སྤྲུལ་རྣམ་པ་དང་ལས་སྣེ་རྣམ་པའི་གཙོས་མང་ཚོགས་ལྷན་འཛོམས་ཀྱིས་བདེན་པའི་མེ་ལྕེའི་ལས་འགུལ་ངོ་སྤྲོད་གནང་བའི་རྗེས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་བསྔོ་སྨོན་དང་ས་རྟགས་བསྡུ་རུབ་གནང་། ཕྱི་ཚེས་ ༣ ཞོགས་པ་ཆུ་ཚོད་ ༨ པའི་ཐོག་མི་མང་འདུ་འཛོམས་ཀྱིས་པབ་རོ་ལ་དང་བྷེ་ཇེ་ན་ཐཱ་སོར་སོར་གསར་འགོད་གསལ་བསྒྲགས་དང་སྦྲགས་ས་གནས་ཡུལ་མིའི་ས་ནས་ས་རྟགས་བསྡུ་རུབ་གནང་སྟེ། དཔལ་སྤུངས་ཤེས་རབ་གླིང་དུ་བརྒྱུད་སྤྲོད་གནང་བ་བཅས་ཀྱི་གནས་ཚུལ་དུ། ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༦ ལ།།