བྱང་ཕྱོགས་ཀྱི་བདེན་པའི་མེ་ལྕེ་ལུ་རྡི་ཨ་ནར་མཇུག་བསྒྲིལ་ཟིན་པ།

རྒྱ་གར་དབུས་གྲོས་ཚོགས་འཐུས་མི་སྐུ་ཞབས་Ravneet Singhརྒྱ་གར་དབུས་གྲོས་ཚོགས་འཐུས་མི་སྐུ་ཞབས་Ravneet Singhརྒྱ་གར་དབུས་གྲོས་ཚོགས་འཐུས་མི་སྐུ་ཞབས་Ravneet Singhརྒྱ་གར་དབུས་གྲོས་ཚོགས་འཐུས་མི་སྐུ་ཞབས་Ravneet Singh

མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་Bhupunder Singhམངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་Bhupunder Singhདེ་ཡང་སྤྱི་འཐུས་པདྨ་འབྱུང་གནས་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་དོན་ལྟར་ན། ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༢༨ ཉིན་ཅནྡི་སྒར་དུ་སོ་ལན་བོན་གཞིས་ས་གནས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཚོགས་ཆུང་གིས་དབུས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་པདྨ་འབྱུང་གནས་ལ་བརྒྱུད་སྤྲོད་གནང་། དེ་ནས་ལུ་རྡི་ཨ་ནར་རྡོག་ཐོན་གྱིས་དེར་འབྱོར་རྗེས་བོད་དོན་རྒྱབ་སྐྱོར་བ་སུ་ནིལ་ར་ཡེ་ཀོམ་རེ་ཊ་(Sunil Rai Comrade )ཐུག་འཕྲད་ཀྱིས་གསར་འགོད་པར་འབྲེལ་ལམ་ཞུ་ཕྱོགས་དང་ལས་འགུལ་སྐོར་གོ་བསྡུར་དང་སི་ཀྲི་ཨི་ཨར་ནིའུ་སི་(cityair News)གསར་འགོད་པ་མ་ནོཇ་རྡི་མན་(Manoj Dhiman)གྱི་བཅར་འདྲི་ལ་དང་ལན་ཞུས། ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༢༩ ཞོགས་རྒྱལ་ཡོངས་བོད་མི་ཚོང་པ་ཚོགས་པའི་དྲུང་ཆེ་དང་ས་གནས་སུ་ཚོགས་མི་ཇི་ཡོད་བཅས་ཀྱི་ལྷན་ལས་འགུལ་བརྩམ་ཕྱོགས་དང་འབྲེལ་ཡོད་ཁག་ཐུག་འཕྲད་དང་དྲུང་ཆེ་དང་སུ་ནིལ་ངོས་གསུམ་ནས་གསར་འགོད་གསལ་བསྒྲགས་བཟོས་ཏེ་དྲ་ལམ་བརྒྱུད་སྔོན་བཏང་བ་དེ་ནས་བོད་དོན་རྒྱབ་སྐྱོ་བ་དང་གསར་འགོད་པ་སུ་ནིལ་དང་བརྒྱུད་ལམ་ལས་ཁུངས་བཅོ་ལྔ་ལྷག་ལ་གསར་འགོད་གསལ་བསྒྲགས་སྤྲད་དུ་སོང་བ་དང། སྤྱི་འཐུས་པདྨ་འབྱུང་གནས་ལ་བཅར་འདྲི་ཞུས་པ་ཁག་དང་ལན་ཞུས། ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༢༩ ཞོགས་པ་ཆུ་ཚོད་ ༡༠་༣༠ ཐོག་སུན་རྡར་ན་གར་དུ་སྤྱི་འཐུས་པདྨ་འབྱུང་གནས་ཀྱིས་ཚོང་པ་ཚོགས་པའི་དྲུང་ཆེ་དང་ལ་ལའི་སྐུ་ཚབ་བཅས་པར་བདེན་པའི་མེ་ལྕེ་བརྒྱུད་སྤྲོད་ཞུས་འཕྲལ་མ་དྷོ་པུ་རི་བིཤ་ནུ་མནྡིར་གྱི་ཚོགས་ཁང་བར་སྐོར་བསྐྱོད་ཀྱིས་དེར་ལ་ལ་ཁག་དང་བོད་མི་དེར་ཡོད་བཅས་སྔོན་འཛོམས་ཀྱིས་བདེན་པའི་མེ་ལྕེ་སྣེ་བསུ་དང་སྐུ་ཚབ་ཁག་ནས་མཇལ་དར་བསྒྲོན་པར་གནང་། དེ་ནས་མཛད་སྒོའི་ཐོག་མར་སྐུ་མགྲོན་གཙོ་བོ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་སུ་རེནྡར་དྷ་ཝར་ལགས་(Mr.Surander Dawar MLA)མཛད་བྲེལ་དབང་གིས་གསུང་བཤད་དང་མེ་ལྕེ་འདེགས་གནང་རྗེས་ས་རྟགས་བསྐྱོན་པར་གནང་རྗེས་ཕེབས་ཐོན་གནང་།

མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་སུ་རེནྡར་དྷ་ཝར་ལགས་(Mr.Surander Dawar MLA)མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་སུ་རེནྡར་དྷ་ཝར་ལགས་(Mr.Surander Dawar MLA)མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་སུ་རེནྡར་དྷ་ཝར་ལགས་(Mr.Surander Dawar MLA)མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་སུ་རེནྡར་དྷ་ཝར་ལགས་(Mr.Surander Dawar MLA)

དེ་སྤྱི་འཐུས་པདྨ་འབྱུང་གནས་ཀྱིས་བོད་ཧིན་གཉིས་ཐོག་གཏམ་བཤད་དང་། དེ་རྗེས་ལ་ལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨཤ་ཝ་ནི་ཅའོ་ལ་དང་ཚོང་པ་ཚོགས་པའི་དྲུང་ཆེ་བཅས་ནས་གཏམ་བཤད་རྗེས་ས་རྟགས་བསྡུ་རུབ་ཞུས། དེ་ཉིན་གསར་འགོད་པ་མང་པོ་ཞེ་དྲག་ཕེབས་ནས་དོ་སྣང་ཤུགས་ཆེ་གནང་འདུག ཕྱི་ཚེས་ ༣༡ ལམ་ཞོར་དུ་དབུས་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་Ravneet Singh དང་། མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་Bhupunder Singh བཅས་རྒྱབ་སྐྱོར་མཚན་རྟགས་དང་མེ་ལྕེ་འདེགས་གནང་གིས་གསར་འགོད་མང་པོའི་མདུན་སར་པར་བརྒྱབས་འདུག དབུས་གྲོས་ཚོགས་ཀྱི་འཐུས་མི་དེས་ཁྱེད་ཚོའི་འཐབ་རྩོད་ནི་རླབས་ཆེན་གྱི་འཐབ་རྩོད་རེད་ཅེས་ཐུགས་མཉེས་པོ་ཞེ་དྲག་གནང་འདུག གང་ལྟར་ཕྱི་ཚེས་ ༣༠ ཉིན་གྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་དེར་གསར་ཤོག་མང་པོའི་གནས་ཚུལ་རྒྱས་པོ་ཞེ་དྲག་ཐོན་ཡོད་འདུག ཕྱི་ལོ ༢༠༡༢ ཟླ་ ༨ ཚེས་ལ།།

ལ་ལ་འཐུས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཨཤ་ཝ་ནི་ཅབ་ལ།ལ་ལ་འཐུས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཨཤ་ཝ་ནི་ཅབ་ལ།