བོད་རང་དབང་བདེན་པའི་ལས་འགུལ་གྱི་ས་གནས་ཚོགས་ཆུང་ཁག་འཕོ་ལེན་གནང་ཕྱོགས་སྒྲིག་གཞི་བསྐྱར་བཅོས་དང་འབྲེལ་བའི་གསལ་བསྒྲགས་གནང་བ།

སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ པའི་ཐོག་བོད་རང་དབང་བདེན་པའི་ལས་འགུལ་གྱི་ས་གནས་ཚོགས་ཆུང་གི་སྒྲིག་གཞི་དོན་ཚན་བཞི་པའི་ནང་གསེས་ པ་དང་། དོན་ཚན་དྲུག་པའི་ནང་གསེས་ པོ་གཉིས་ལ་བསྐྱར་བཅོས་གྲོས་ཚོགས་ཀྱི་ཡིག་ཆ་ཨང་ ༧༣ པ་ལྟར་དང་། བཙན་བྱོལ་བོད་མིའི་དང་བླངས་དཔྱ་དུངལ་དང་བསྡུ་དངུལ་གཞན་དག་གི་འབུལ་འབབ་ཁྲིམས་ཡིག་དོན་ཚན་བཅུ་བདུན་པའི་ནང་གསེས་ , , བཅས་ལ་བསྐྱར་བཅོས་སྤྱི་མོས་གཏན་འབེབས་གྲོས་ཚོགས་ཀྱི་ཡིག་ཆ་ཨང་ ༧༢ འཁོད་པ་བཅས་འདི་མཉམ་ཟུར་བསྲིངས་ལྟར།   བོད་རང་དབང་བདེན་པའི་ལས་འགུལ་གྱི་ས་གནས་ཚོགས་ཆུང་ཚང་མས་ལག་བསྟར་ངེས་གནང་དགོས་རྒྱུ་དང་།

བོད་རང་དབང་བདེན་པའི་ལས་འགུལ་གྱི་ས་གནས་ཚོགས་ཆུང་གི་སྒྲིག་གཞི་དོན་ཚན་དྲུག་པའི་ནང་གསེས་པོ་བསྐྱར་བཅོས་ཀྱི་ཟུར་བརྗོད་ནང་གསལ་ལྟར་སྒྲིག་གཞི་བསྐྱར་བཅོས་འདི་བཞིན་གཏན་འབེབས་ཟིན་པ་ནས་ལས་དུས་གཙང་ལ་ཉེ་བ་རྣམས་ཕྱི་ལོ་ ༢༠༡༥ ཟླ་ ཚེས་༣༡ བར་ཕར་འགྱངས་དང་། འགྲོ་བཞིན་པ་རྣམས་ཕྱི་ལོ་ ༢༠༡༥ ཟླ་ ཚེས་ ༣༡ ནས་མཚམས་འཇོག་གིས་འོས་བསྡུ་བྱ་དགོས་པ་ཡིན་སྟབས། ལས་དུས་ཚང་མིན་ལ་མ་ལྟོས་པར་ད་རེས་ཐེངས་གཅིག་རིང་ལས་ཐོན་ཕྱག་ཁྱེར་འབུལ་རྒྱུ་ཡིན་བཅས་ཕེབས་པའི་ཚོགས་དྲུང་ལས་ཁུངས་ནས་ས་གནས་རང་བདེན་ཚོགས་ཆུང་ཡོང་ལ་ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༡༥ འཁོད་གསལ་བསྒྲགས་གནང་ཡོད་པ་རེད།