བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་ཡུ་རོབ་རྒྱལ་ཁབ་འཇར་མན་ནང་གྲོས་ཚོགས་འཐུས་མི་སོགས་གནད་ཡོད་མི་སྣ་མཇལ་འཕྲད་གནང་བ།

བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་འཇར་མན་གྲོས་ཚོགས་ཕྱི་འབྲེལ་ཚོགས་ཆུང་གི་རྒྱ་ནག་དང་ཨེ་ཤི་ཡའི་སྡེ་ཚན་གྱི་ཚོགས་མི་དང་འཇར་མན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་འབྲེལ་ཚོགས་གཙོ་སྐུ་ཞབས་ཧྥ་རན་ཀི་མུ་ལེར་ (Mr. Frank Muller-Rosentritt) མཆོག་དང་། འཇར་མན་གྲོས་ཚོགས་ཀྱི་འཐུས་མི་དང་གུ་ཡངས་ཚོགས་པའི་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་མགྲིན་ཚབ་པ་སྐུ་ཞབས་པེ་ཊེར་ཧེ་ཌ་ (Mr. Peter Heidt) མཆོག་རྣམ་གཉིས་དང་མཇལ་འཕྲད་གནང་སྐབས།

༄༅། ། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྣེ་ཁྲིད་པའི་བཀའ་སྤྱི་གཉིས་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་ཡུ་རོབ་རྒྱལ་ཁབ་འཇར་མ་ནཱི་དང་། སྦེལ་ཇམ་གཉིས་ལ་གཞུང་འབྲེལ་གནད་ཡོད་མི་སྣ་སོགས་མཇལ་འཕྲད་སླད་ཕྱོགས་བསྐྱོད་དུ་ཕེབས་བཞིན་ཡོད། དེ་ནི་འཇར་མན་རོགས་ཚོགས་ཧྥན་ཌིཀ་ནོ་མཱན་ཐེབས་རྩས་ (Friedrich Naumann Foundation for Freedom) གོ་སྒྲིག་གནང་བ་ཞིག་ཡིན།

བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་བྷ་ཝེ་རི་ཡ་ (Bavaria) མངའ་སྡེའི་གྲོས་ཚོགས་ཀྱི་ལས་ཐོག་ཚོགས་གཞོན་དང་། མངའ་སྡེའི་རིག་གཞུང་དང་གསར་འགྱུར་ཚན་པའི་བློན་ཆེན་ཟུར་པ་སྐུ་ཞབས་ཝོལ་ཧྥི་གྷང་ (Dr. Wolfgang Heubisch) མཆོག་དང་ལྷན་མཇལ་འཕྲད་གནང་སྐབས།

དེ་ཡང་ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༨ ཉིན་གྱི་དགོང་མོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྣེ་ཁྲིད་འོག ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་དང་། སྤྱི་འཐུས་དཀོན་མཆོག་ཡང་འཕེལ་མཆོག སྤྱི་འཐུས་དབྲ་རྩ་བསོད་ནམས་ནོར་བུ་མཆོག སྤྱི་འཐུས་དངོས་གྲུབ་རྡོ་རྗེ་མཆོག སྤྱི་འཐུས་ཚེ་རིང་དབྱངས་ཅན་མཆོག དེ་བཞིན་དཔལ་འབྱོར་ལས་ཁུངས་ཀྱི་དྲུང་ཚབ་བསྟན་འཛིན་ལེགས་གྲུབ་ལགས་བཅས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་འཇར་མ་ནཱིའི་གྲོང་ཁྱེར་མུ་ནིག་ཏུ་ཕེབས་ཐོན་གནང་ཞིང་། ཕྱི་ཚེས་ ༩ ཉིན་གྱི་སྔ་དྲོ་མུ་ནིག་གནམ་ཐང་དུ་ཕེབས་འབྱོར་སྐབས་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་དང་། མུ་ནིག་བོད་རིགས་ཚོགས་པའི་ཚོགས་གཙོ་གཙོས་པའི་ཚོགས་མི་རྣམ་པས་ཕེབས་བསུ་ཞུས་གནང་འདུག

སྤྱི་འཐུས་རྣམ་པས་བྷ་ཝེ་རི་ཡ་ (Bavaria) མངའ་སྡེའི་གྲོས་ཚོགས་ཀྱི་ལས་ཐོག་ཚོགས་གཞོན་དང་། མངའ་སྡེའི་རིག་གཞུང་དང་གསར་འགྱུར་ཚན་པའི་བློན་ཆེན་ཟུར་པ་སྐུ་ཞབས་ཝོལ་ཧྥི་གྷང་ (Dr. Wolfgang Heubisch) མཆོག་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཕྱག་དེབ་ཁག་འབུལ་སྐབས།

གཞུང་འབྲེལ་འཚམས་གཟིགས་ཀྱི་ཐོག་མར་བྷ་ཝེ་རི་ཡ་ (Bavaria) མངའ་སྡེའི་གྲོས་ཚོགས་ཀྱི་ལས་ཐོག་ཚོགས་གཞོན་དང་། མངའ་སྡེའི་རིག་གཞུང་དང་གསར་འགྱུར་ཚན་པའི་བློན་ཆེན་ཟུར་པ་སྐུ་ཞབས་ཝོལ་ཧྥི་གྷང་ (Dr. Wolfgang Heubisch) མཆོག་དང་ལྷན་མཇལ་འཕྲད་གནང་བ་དང་།

འཇར་མན་གྲོང་ཁྱེར་མུ་ནིག་ས་གནས་བོད་རིགས་རྣམས་དང་ལྷན།

དེ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་དང་། ཕྱི་དྲིལ་བཀའ་བློན་མཆོག སྤྱི་འཐུས་རྣམ་པ་བཅས་ནས་འཇར་མ་ནཱིའི་གྲོང་ཁྱེར་མུ་ནིག་ཁུལ་དུ་གནས་སྡོད་བོད་རིགས་མང་ཚོགས་ལ་ཐུག་འཕྲད་གནང་རྗེས། རྒྱལ་ས་བྷར་ལིན་དུ་ཕེབས་པ་དང་། དགོང་མོ་འཇར་མན་མང་གཙོ་རང་དབང་སྲིད་དོན་ཚོགས་པའི་ (Free Democratic Party) ཁོངས་གཏོགས་འཇར་མ་ནཱིའི་གུ་ཡངས་གཞོན་སྐྱེས་ཚོགས་པ་ཆེ་ཤོས་ཀྱི་སྐུ་ཚབ་གཞོན་སྐྱེས་རྣམས་དང་ཐུག་འཕྲད་གནང་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་ (FNF) ཀྱི་སྤྱི་ཁྱབ་འགན་འཛིན་ལྕམ་སྐུ་ཨེ་ནི་ཊི་ཝི་ཊི་ (Ms. Annett Witte) ལགས་དང་། ཚོགས་པའི་རྒྱལ་སྤྱིའི་སྡེ་ཚན་གྱི་འགན་འཛིན་སྐུ་ཞབས་རེ་ནེ་ཀཱ་ལབ་ (Dr Rene Klaff) ལགས། ཚོགས་པའི་རྒྱལ་སྤྱིའི་གནད་དོན་ཚན་པའི་འགན་འཛིན་ལྕམ་སྐུ་མེ་ཁཱ་ལ་ལི་སའོ་སི་ཀི་ (Dr Michaela Lissowski) ལགས། ཚོགས་པའི་ཨེ་ཤི་ཡའི་ཚན་པའི་འགན་འཛིན་སྐུ་ཞབས་ཅར་ལེ་སི་ཌུ་ཝི་ན་ཇི་ (Mr. Charles du Vinage) ལགས་བཅས་དང་ལྷན་མཇལ་འཕྲད་གནང་སྐབས།

ཕྱི་ཚེས་ ༡༠ ཉིན་གྱི་སྔ་དྲོ་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་ (FNF) ཀྱི་སྤྱི་ཁྱབ་འགན་འཛིན་ལྕམ་སྐུ་ཨེ་ནི་ཊི་ཝི་ཊི་ (Ms. Annett Witte) ལགས་དང་། ཚོགས་པའི་རྒྱལ་སྤྱིའི་སྡེ་ཚན་གྱི་འགན་འཛིན་སྐུ་ཞབས་རེ་ནེ་ཀཱ་ལབ་ (Dr Rene Klaff) ལགས། ཚོགས་པའི་རྒྱལ་སྤྱིའི་གནད་དོན་ཚན་པའི་འགན་འཛིན་ལྕམ་སྐུ་མེ་ཁཱ་ལ་ལི་སའོ་སི་ཀི་ (Dr Michaela Lissowski) ལགས། ཚོགས་པའི་ཨེ་ཤི་ཡའི་ཚན་པའི་འགན་འཛིན་སྐུ་ཞབས་ཅར་ལེ་སི་ཌུ་ཝི་ན་ཇི་ (Mr. Charles du Vinage) ལགས་བཅས་དང་ལྷན་མཇལ་འཕྲད་གནང་ཡོད་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་གཞུང་འཛིན་གུ་ཡངས་ཚོགས་པའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཝེ་ལེན་ཊིན་ཨ་བྷེལ་ (Mr. Valentin Abel) མཆོག་དང་། ཁོང་གི་ཕྱག་རོགས་ཨནྜ་རེ་ལེ་མཱན་ (Mr. Andre Lehmann) ལགས་རྣམ་གཉིས་མཇལ་འཕྲད་གནང་སྐབས།

ཉིན་གུང་གསོལ་ཚིགས་སྐབས་གཞུང་འཛིན་གུ་ཡངས་ཚོགས་པའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཝེ་ལེན་ཊིན་ཨ་བྷེལ་ (Mr. Valentin Abel) མཆོག་དང་། ཁོང་གི་ཕྱག་རོགས་ཨནྜ་རེ་ལེ་མཱན་ (Mr. Andre Lehmann) ལགས་རྣམ་གཉིས་མཇལ་འཕྲད་གནང་རྗེས། འཇར་མན་གྲོས་ཚོགས་ཀྱི་འབྲེལ་ཡོད་ལས་བྱེད་ཀྱིས་སྣེ་ཤན་འོག་གྲོས་ཚོགས་ཀྱི་ཕྱི་ནང་ཀུན་ཏུ་གཟིགས་སྐོར་དང་། ཕྱི་དྲོ་ཆུ་ཚོད་ ༣ པའི་ཐོག་འཇར་མན་གྲོས་ཚོགས་ཕྱི་འབྲེལ་ཚོགས་ཆུང་གི་རྒྱ་ནག་དང་ཨེ་ཤི་ཡའི་སྡེ་ཚན་གྱི་ཚོགས་མི་དང་འཇར་མན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་འབྲེལ་ཚོགས་གཙོ་སྐུ་ཞབས་ཧྥ་རན་ཀི་མུ་ལེར་ (Mr. Frank Muller-Rosentritt) མཆོག འཇར་མན་གྲོས་ཚོགས་ཀྱི་འཐུས་མི་དང་གུ་ཡངས་ཚོགས་པའི་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་མགྲིན་ཚབ་པ་སྐུ་ཞབས་པེ་ཊེར་ཧེ་ཌ་ (Mr. Peter Heidt) མཆོག་རྣམ་གཉིས་དང་ལྷན་འཇར་མན་གྲོས་ཚོགས་ཀྱི་ཚོགས་ཁང་ཞིག་ཏུ་ལྷན་ཚོགས་གནང་།

བོད་མི་མང་སྤྱི་འཐུས་རྣམ་པས་འཇར་མན་ཕྱི་སྲིད་ལས་ཁུངས་སུ་ཤར་ཨེ་ཤི་ཡའི་གཙོ་འཛིན་འབུམ་རམས་པ་མཱར་ཊིན་ཐུ་མེལ་ (Dr. Martin Thummel) མཆོག་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲན་རྟེན་ཕྱག་རྟགས་འབུལ་སྐབས།

ཕྱི་དྲོ་ཆུ་ཚོད་ ༤།༣༠ ཐོག་འཇར་མན་ཕྱི་སྲིད་ལས་ཁུངས་སུ་ཤར་ཨེ་ཤི་ཡའི་གཙོ་འཛིན་འབུམ་རམས་པ་མཱར་ཊིན་ཐུ་མེལ་ (Dr. Martin Thummel) མཆོག་དང་། ཡུ་རོབ་མཐུན་ཚོགས་ཀྱི་རྒྱ་ནག་འབྲེལ་མཐུད་པ་སྐུ་ཞབས་ཇོན་བྷེ་སར་ཊི་ (Mr. Jorn Beibert) མཆོག་རྣམ་གཉིས་དང་མཉམ་དུ་ལྷན་ཚོགས་གནང་ཡོད་འདུག གོང་གསལ་མཇལ་འཕྲད་སྐབས་སོ་སོར་སྤྱི་འཐུས་རྣམ་པས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཞུ་གཏུག་སྙན་ཞུ་དང་། ཕྱག་རྟགས། ཕྱག་དེབ། ཡིག་ཆ་བཅས་ཕུལ་གནང་ཡོད་པ་བཅས། །

བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་གཞུང་འཛིན་གུ་ཡངས་ཚོགས་པའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཝེ་ལེན་ཊིན་ཨ་བྷེལ་ (Mr. Valentin Abel) མཆོག་དང། ཁོང་གི་ཕྱག་རོགས་ཨནྜ་རེ་ལེ་མཱན་ (Mr. Andre Lehmann) ལགས་རྣམ་གཉིས་མཇལ་འཕྲད་གནང་སྐབས།
བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་ (FNF) ཀྱི་སྤྱི་ཁྱབ་འགན་འཛིན་ལྕམ་སྐུ་ཨེ་ནི་ཊི་ཝི་ཊི་ (Ms. Annett Witte) ལགས་སོགས་དང་མཇལ་འཕྲད་གནང་སྐབས།
བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་འཇར་མན་གྲོས་ཚོགས་ཕྱི་འབྲེལ་ཚོགས་ཆུང་གི་རྒྱ་ནག་དང་ཨེ་ཤི་ཡའི་སྡེ་ཚན་གྱི་ཚོགས་མི་དང་འཇར་མན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་འབྲེལ་ཚོགས་གཙོ་སྐུ་ཞབས་ཧྥ་རན་ཀི་མུ་ལེར་ (Mr. Frank Muller-Rosentritt) མཆོག་དང་། འཇར་མན་གྲོས་ཚོགས་ཀྱི་འཐུས་མི་དང་གུ་ཡངས་ཚོགས་པའི་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་མགྲིན་ཚབ་པ་སྐུ་ཞབས་པེ་ཊེར་ཧེ་ཌ་ (Mr. Peter Heidt) མཆོག་རྣམ་གཉིས་དང་མཇལ་འཕྲད་གནང་སྐབས།