བོད་མིའི་གདུང་སེམས་མཉམ་སྐྱེད་ལས་འགུལ་གྱི་ཉིན་གསུམ་པ།

མི་མང་འདུ་འཛོམས་ཀྱི་སྨོན་ལམ་འུར་འདོན་དང་། ཟས་བཅད་ལས་འགུལ། གཏམ་བརྗོད་འཁྲབ་སྟོན། 

ཚོགས་གཙོ་མཆོག་གིས་ཁྲི་རིན་པོ་ཆེ་ཕེབས་བསུ།ཚོགས་གཙོ་མཆོག་གིས་ཁྲི་རིན་པོ་ཆེ་ཕེབས་བསུ། སྲིད་སྐྱོང་མཆོག་གིས་ཁྲི་རིན་པོ་ཆེ་ཕེབས་བསུ།སྲིད་སྐྱོང་མཆོག་གིས་ཁྲི་རིན་པོ་ཆེ་ཕེབས་བསུ།

བོད་མིའི་གདུང་སེམས་མཉམ་སྐྱེད་ལས་འགུལ་ཆེན་མོའི་ཉིན་གསུམ་པ་ཉིན་སྟེ་ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༡ ཉིན་སྨོན་ལམ་འུར་འདོན་དང་། ཟས་བཅད་ལས་འགུལ། གཏམ་བརྗོད་འཁྲབ་སྟོན་བཅས་གནང་ཡོད་པ་རེད།

སྨོན་ལམ་གསུང་འདོན་གནང་བ།སྨོན་ལམ་གསུང་འདོན་གནང་བ།

 

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་༸སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་སོགས་ཆོས་སྲིད་ཀྱི་ཆེ་རྒུ་རྣམས་དང། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ ༦༠༠༠ ལྷག་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་གྲོས་ཚོགས་ལམ་ཆེན་གྱི་ཉེ་འགྲམ་ཇན་ཏར་མན་ཏར་དུ་རིམ་བཞིན་འདུ་འཛོམས་ཐོག་འཇམ་མགོན་རྒྱལ་བའི་རྒྱལ་ཚབ། ཞྭ་སེར་བསྟན་པའི་གཙུག་རྒྱན། དགའ་ལྡན་ཁྲི་ཐོག་བརྒྱ་དང་གཉིས་པ་རི་རྫོང་སྲས་རིན་པོ་མཆོག་དབུ་བཞུགས་ཀྱིས་དཔལ་ལྡན་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཉིན་འཁྱོངས་ཟས་བཅད་གནང་རྒྱུ་ཡིན་སྐོར་སོགས་ཉིན་འདིའི་ལས་རིམ་སྙན་སྒྲོན་དང་འབྲེལ་སྔ་དྲོ་ཆུ་ཚོད་ ༡༡།༠༠ ནས་ཉིན་གུང་ཆུ་ཚོད་ ༡།༠༠ བར་སྨོན་ལམ་འུར་འདོན་གནང་།

 

རྒྱ་ཆེའི་མི་མང་།རྒྱ་ཆེའི་མི་མང་།

རྒྱ་གར་བློན་ཟུར་མཆོགརྒྱ་གར་བློན་ཟུར་མཆོག

ཆུ་ཚོད་ ༡།༢༠ ཐོག་རྒྱ་གར་གྱི་ཕྱི་སྲིད་དང་དཔལ་འབྱོར། བདེ་སྲུང་བཅས་ཀྱི་བློན་ཆེན་ཟུར་པ་ཇཤ་ཝར་སིངྒ་མཆོག་ཆེད་ཕེབས་ཀྱིས་རྒྱ་གར་དང་བོད་དབར་ཆོས་དང་རིག་གཞུང་གི་འབྲེལ་སྐོར་ལ་གུས་བརྩི་ཡོད་པ་དང་། རང་ལུས་མེར་བསྲེགས་སྐོར་ལ་ཆེས་སེམས་འཚབ་ཡོད་པ། འདིར་བོད་མི་རྣམས་དང་མཉམ་འཛོམས་ཀྱིས་གདུང་སེམས་མཉམ་སྐྱེད་ཞུ་རྒྱུའི་གོ་སྐབས་བྱུང་བར་སྐལ་པ་བཟང་པོ་བྱུང་། མཐའ་དོན་བོད་མིའི་དཀའ་ངལ་ཡོངས་ལ་ང་ཚོས་སེམས་འཚབ་དང་རྒྱབ་སྐྱོར་ཡོད་བཅས་གསུངས་ཡོད་པ་རེད།

 

གཏམ་བརྗོད་འཁྲབ་སྟོན་སྐབས།གཏམ་བརྗོད་འཁྲབ་སྟོན་སྐབས།གཏམ་བརྗོད་འཁྲབ་སྟོན་སྐབས།གཏམ་བརྗོད་འཁྲབ་སྟོན་སྐབས།

ཆུ་ཚོད་  ༡།༣༠ ནས་གྷོ་པལ་པུར་བོད་ཁྱིམ་སློབ་ཕྲུག་རྣམས་ཀྱིས་རང་ལུས་མེར་བསྲེགས་ཀྱི་བརྗོད་གཞི་དང་འབྲེལ་བའི་གཏམ་བརྗོད་ཅིག་འཁྲབ་སྟོན་ཞུས།

༸སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གིས་བཀའ་སློབ་བསྩལ་བ།༸སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གིས་བཀའ་སློབ་བསྩལ་བ།

ཆུ་ཚོད་ ༢།༡༥ ཐོག་༸སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གིས་བོད་བརྒྱུད་ནང་བསྟན་པ་ཡོངས་ཀྱི་སྐུ་ཚབ་གནང་སྟེ་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང་། བྱེ་བྲག་ཏུ་ཁོང་གི་འཁྲུངས་ཡུལ་མདོ་སྨད་རྔ་པའི་ས་གནས་ཀྱི་མི་རབས་གསུམ་གྱི་རྨ་ཁ་ནས་འཕྲོས་སྟེ་རྒྱ་གཞུང་གིས་དྲག་གནོན་གདུག་རྩུབ་ཇི་ལྟར་བྱེད་ཀྱི་ཡོད་པའི་སྐོར། རང་ལུས་མེར་བསྲེགས་གཏོང་དགོས་ཀྱི་རྒྱུ་རྐྱེན་ཁ་གསལ། དེ་དག་ལ་རྒྱ་གཞུང་ནས་བདག་པོ་ཚུལ་བཞིན་མ་བརྒྱབ་སྟེ་ཤུལ་ལུས་ནང་མི་གཉེན་འབྲེལ་དང་བཅས་པར་ཁུངས་སྐྱེལ་དཔང་རྟགས་མེད་པའི་ཁྲིམས་ཐག་བཅད་དེ་སུན་བཙིར་ཇི་ལྟར་བྱེད་ཀྱི་ཡོད་སྐོར། ཁོང་ལས་འགུལ་འདིར་མཉམ་ཞུགས་གནང་དོན་ཇི་ཡིན། གཞིས་བྱེས་བོད་མི་ཡོངས་ཀྱིས་བླང་དོར་དང་གཅིག་སྒྲིལ་གནང་ཕྱོགས་སོགས་ཀྱི་སྐོར་ལམ་སྟོན་ཞིབ་ཕྲ་གནང་ཡོད་པ་རེད།

ཆུ་ཚོད་ ༣།༠༠ ནས་མུ་མཐུད་སྨོན་ལམ་གསུང་འདོན་མཚམས་༸སྐྱབས་རྗེ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་བོད་ནང་རང་ལུས་མེར་བསྲེགས་གཏོང་མཁན་རྣམས་ཀྱི་བློས་བཏང་གནང་བ་འཚེ་མེད་ཞི་བའི་སྤྱོད་པ་ཞིག་ཡིན་ཚུལ་དང་། བོད་ནང་གི་ཛ་དྲག་གནས་སྟངས་ལ་ཐུགས་འཚབ་ཆེན་པོའི་ཐོག་གདུང་སེམས་མཉམ་སྐྱེད་ཡོད་པ། རྒྱ་གར་དང་བོད་དབར་གྱི་ཆོས་དང་རིག་གཞུང་གི་འབྲེལ་བའི་སྐོར་སོགས་མང་ཚོགས་ལ་གལ་ཆེའི་བླང་དོར་ལམ་སྟོན་གྱི་བཀའ་སློབ་བཀའ་དྲིན་ཆེ་གནང་མཛད་ཡོད་པ་རེད།

ཕྱི་དྲོ་ཆུ་ཚོད་ ༤།༠༠ ཐོག་བོད་ཀྱི་ཟློས་གར་ཚོགས་པའི་བདེན་ཚིག་སྨོན་ལམ་རྟ་དབྱངས་དང་བཅས་པའི་སྣེ་ཁྲིད་དེ་འུར་འདོན་གནང་རྗེས་ཉིན་གསུམ་པའི་མཛད་སྒོ་གྲུབ་ཡོད་པ་རེད།

 

ལས་འགུལ་གྱི་ཉིན་འདི་དག་རིང་སྟེ་ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༣༠ ནས་བཟུང་ཟླ་ ༢ ཚེས་ ༡ བར་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་དང་། འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག སྤྱི་འཐུས་ཐུབ་བསྟན་ལུང་རིགས་ལགས་བཅས་ཀྱིས་དབུ་ཁྲིད་པའི་ཚོགས་ཆུང་གསུམ་སོ་སོ་ནས་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཕྱི་རྒྱལ་གྱི་གཞུང་ཚབ་དང་། རྒྱལ་སྤྱིའི་སྒྲིག་འཛུགས་ཁག་ ༢༠ ཡི་གཞུང་ཚབ་དང་གལ་ཆེའི་གནད་ཡོད་མི་སྣ་སོགས་ལ་ཐུག་འཕྲད་ཀྱིས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྙན་གསན་གྱིས་རྒྱབ་ཁབ་སོ་སོའི་གཞུང་འབྲེལ་རྟོག་ཞིབ་སྐུ་ཚབ་དང་། རང་དབང་ཅན་གྱི་གསར་འགོད་ཚོགས་ཆུང་བོད་དུ་གཏོང་ནས་བོད་ཀྱི་དངོས་ཡོད་གནས་སྟངས་ལ་ཞིབ་འཇུག་གནང་ཐབས་ཡོང་བ། རྒྱུན་དུ་བོད་དོན་ལ་རྒྱབ་སྐྱོར་ཡོང་ཐབས་བཅས་ཀྱི་སྐོར་སྙན་གསན་ཞུས་པར་རྒྱལ་ཁབ་སོ་སོའི་ཕྱི་སྲིད་ལས་ཁུངས་སོགས་གོང་རིམ་ལ་སྙན་གསན་ཞུ་རྒྱུ་ཡིན་པ་དང་། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་སེམས་འཚབ་ཆེན་པོ་ཡོད་པས་ལྡི་ལིར་ཡོད་པའི་རྒྱ་ནག་གཞུང་ཚབ་ལའང་འབྲེལ་བ་བྱས་ཏེ་བོད་དུ་ཚོགས་ཆུང་གཏོང་ཐབས་བྱ་རྒྱུ་ཡིན་སྐོར་སོགས་གསུངས་ཡོད་པ་དང་། དེ་བཞིན་སྐུ་ཚབ་ཐུག་འཕྲད་མ་བྱུང་བའི་གཞུང་ཚབ་ཁག་ཡོངས་རྫོགས་ལ་སྙན་ཞུ་འབུལ་ལམ་ཞུས་ཡོད་པ་རེད།

བོད་མིའི་གདུང་སེམས་མཉམ་སྐྱེད་ལས་འགུལ་གྱི་གསར་འགོད་ཚོགས་ཆུང་ནས་ ༢༠༡༣ ཟླ་ ༢ ཚེས་ ༡ ལ།།