བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ཧར་ཡ་ན་དང་པཎ་ཇབ་མངའ་སྡེ་གཉིས་ཀྱི་ནང་བོད་དོན་ཞུ་སྐུལ་ལེགས་གྲུབ་བྱུང་བ།

པཎ་ཇབ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཀེབ་ཊིན་ཨ་མ་རིན་དྷར་སིང་ (Capt. Amarinder Singh, Chief Minister of Punjab) མཆོག

 ༄༅། །སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་ཟླ་བ་ཚེ་རིང་མཆོག་དང། སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག སྤྱི་འཐུས་བསམ་གཏན་ཆོས་སྒྲོན་མཆོག སྤྱི་འཐུས་བཀྲ་ཤིས་དོན་གྲུབ་མཆོག་བཅས་ཀྱིས་རྒྱ་གར་བྱང་ཕྱོགས་ཧར་ཡ་ན་མངའ་སྡེའི་སྲིད་སྐྱོང་མཆོག་དང་། པཎ་ཇབ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན། དེ་བཞིན་ཆེས་མཐོའི་དཔོན་རིགས་ཁག་མཇལ་འཕྲད་ཀྱིས་མངའ་སྡེ་གཉིས་ནང་གི་བོད་དོན་ཞུ་སྐུལ་ལེགས་གྲུབ་བྱུང་ཡོད་འདུག

དེ་ཡང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ཕྱི་ཟླ་ ༡༠ ཚེས་ ༡༢ ནས་ ༡༥ བར་ཧར་ཡ་ན་མངའ་སྡེའི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་བྷེ་སིང་ཅཱོ་ཊ་ལ་ (Abhay Singh Chautala, Leader of Opposition in Haryana Legislation Assembly) མཆོག་དང་། ཧར་ཡ་ན་མངའ་སྡེའི་བུད་མེད་དང་བྱིས་པའི་ལས་འཆར་ཡར་རྒྱས་བློན་ཆེན་ལྕམ་སྐུ་ཀ་ཝི་ཊ་ཇེན་ (Smt. Kavita Jain, Women and Child Development Minister) མཆོག

པཎ་ཆི་ཀུ་ལཱ་ས་གནས་ཀྱི་བྷི་ཇེ་པིའི་གཞོན་ནུའི་ཚོགས་གཙོ་སྐུ་ཞབས་ཡོ་ཀེན་དྷ་ར་ཤརྨ་  (Mr Yogendra Sharma, President of Panchkula BJP Youth) ལགས། པཎ་ཆི་ཀུ་ལཱ་རྫོང་གི་བྷི་ཇེ་པིའི་ཚོགས་གཙོ་སྐུ་ཞབས་དྷི་པཀ་ཤརྨ་ (Mr Deepak Sharma, President of District BJP Panchkula) ལགས། ཤཱི་རོ་མ་ནཻ་ཨ་ཀ་ལི་དྷལ་སྲིད་དོན་ཚོགས་པའི་དྲུང་ཆེ་སྐུ་ཞབས་ཆ་རན་ཇེད་སིང་ (Mr Charanjit Singh, General Secretary of Shiromani Akali Dal) ལགས་དང་། དེ་བཞིན་ཤཱི་རོ་མ་ནཻ་ཨ་ཀ་ལི་དྷལ་སྲིད་དོན་ཚོགས་པའི་འཛིན་སྐྱོང་འགན་འཛིན་ཀེ་ཀེ་སཱ་ཆ་དྷེ་ཝ་ (Mr K.K. Sachdeva, Administrative Officer of Shiromani Akali Dal) ལགས། ཧི་མཱ་ཅལ་མངའ་སྡེའི་ཀོང་རེ་སི་སྲིད་དོན་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་རཱ་ཇིན་རྡ་ར་སིང་རཱ་ན་ (Rajendra Singh Rana, Congress  Party MLA from Sujanpur Constituency, Himachal Pradesh) མཆོག པཎ་ཇབ་ཀོང་རེ་སི་སྲིད་དོན་ཚོགས་པའི་ཧྥེ་ཌི་གྷར་ས་གནས་ཀྱི་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་གྷུར་པིར་ཊི་སིང་ (Mr Gurpreet Singh, Congress Party MLA from Fategarh Consituency, Punjab) མཆོག

ཧར་ཡ་ན་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་བྷུ་པིན་དྷར་སིང་ཧུ་ཌ་ (Mr Bhupinder Singh Hooda, Congress Party Former Chief Minister of Haryana) མཆོག རྒྱ་གར་དབུས་གྲོས་ཚོགས་འོག་མའི་འཐུས་མི་དང་། ཤཱི་རོ་མ་ནཻ་ཨ་ཀ་ལི་དྷལ་སྲིད་དོན་ཚོགས་པའི་མགྲིན་ཚབ་པ་སྐུ་ཞབས་པི་རེམ་སིང་ཅན་དྷོ་མཇ་རཱ་   (Prem Singh Chandumajra, Lok Sabha member and General Secretary  & Spokesman of the Shiromani Akali Dal Punjab) མཆོག

པཎ་ཇབ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཧཱ་རེན་དྷར་པལ་སིང་ཅན་དྷོ་མཇ་རཱ་   (Mr Harinder Pal singh Chandumajra,Shiromani Akali Dal Party, MLA from Patiala, Punjab) མཆོག ཀོང་རེ་སི་སྲིད་དོན་ཚོགས་པའི་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ར་ཇིན་དྷར་བྷེ་རི་ (Mr Rajinder Beri, Congress MLA from Jalander constituency) མཆོག ཇ་ལན་དྷར་གྲོང་ཁྱེར་སྤྱི་ཁྱབ་སྐུ་ཞབས་ཇག་དྷེ་ཤི་རཱ་ཇ་ (Mr Jagdish Raja, Mayor of Jalander) མཆོག ཨམ་རེཏ་སར་ནུབ་ཕྱོགས་ཀྱི་ཀོང་རེ་སི་སྲིད་དོན་ཚོགས་པའི་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ར་ཇི་ཀུ་མར་ཝར་ཀ་ (Mr Raj Kumar Verka , Congress MLA from Amritsar West Constituency) མཆོག ཨམ་རེཏ་སར་བྱང་ཕྱོགས་ཀོང་རེ་སི་སྲིད་དོན་ཚོགས་པའི་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་སུ་ནིལ་དྷུ་ཊི་ (Mr Sunil Dutti, Congress MLA from Amritsar North Constituency) མཆོག ཨམ་རེཏ་སར་ཀོང་རེ་སི་སྲིད་དོན་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཇུ་གྷལ་ཀི་ཤོར་ཤརྨ་ (Mr Jugal Kishore Sharma District Congress Committee President) ལགས། ཨམ་རེཏ་སར་ཀོང་རེ་སི་སྲིད་དོན་ཚོགས་པའི་དྲུང་ཆེ་སྐུ་ཞབས་ར་ཇིཝ་ས་གྷལ་ (Mr Rajiv Sagal, Amritsar Congress General Secretary) ལགས། པཎ་ཇབ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཀེབ་ཊིན་ཨ་མ་རིན་དྷར་སིང་ (Capt. Amarinder Singh, Chief Minister of Punjab Government) མཆོག ཨམ་རེཏ་སར་ཀོང་རེ་སི་སྲིད་དོན་ཚོགས་པའི་མངའ་སྡེའི་གྲོས་ཚོགས་འཐུས་མི་དང་རྒྱ་གར་དབྱུག་རྩེད་པ་གྲགས་ཅན་སྐུ་ཞབས་ནཝ་ཇོ་ཊི་སིང་སི་དུ་ (Navjot Singh Sidhu ,Former Cricketer and  Tourism Minister of Punjab) མཆོག ཨམ་རེཏ་སར་ལྷོ་ཕྱོགས་ཀྱི་མངའ་སྡེའི་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་ར་མིན་རྡར་སིང་བྷོ་ལ་རེཡ་ (Raminder Singh Bolaria Former MLA Of South Amritsar) མཆོག ཨམ་རེཏ་སར་གྲོང་ཁྱེར་སྤྱི་ཁྱབ་གཞོན་པ་སྐུ་ཞབས་ར་མཱན་བྷག་ཤི་ (Mr Raman Bakshi Senior Deputy Mayor) མཆོག་བཅས་དང་མཇལ་འཕྲད་གནང་སྟེ།

ཕྱི་ལོ་ ༢༠༡༨ ལོ་འདི་བོད་མིའི་སྒྲིག་འཛུགས་ནས་ཐུགས་རྗེ་ཆེ་ཞུའི་ལོར་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་མངའ་སྡེའི་གཞུང་དང་འབྲེལ་ཡོད་ཚང་མར་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་ཐུགས་རྗེ་ཆེ་ཞུས་གནང་བ་དང་སྦྲགས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཕྱག་རྟགས་དང་། བོད་དོན་ཞུ་སྐུལ་ཡིག་ཆ་སོགས་ངོ་སྤྲོད་དེབ་རིགས་ཁག་ཕུལ་གནང་ཡོད་པ་དང་། དེ་བཞིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་མཛད་འཕྲིན་སྐོར་སྙན་སེང་ཞུས་གནང་ཡོད་པ་མ་ཟད། རྒྱ་དཀར་ནག་གཉིས་ཀྱི་དཔོན་རིགས་མཇལ་འཕྲད་སྐབས་བོད་དོན་གླེང་སློང་དང་། བོད་དོན་ཐོག་རྒྱབ་སྐྱོར་གང་ཐུབ་གནང་ཐབས། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་འོག་བོད་མི་ ༡༥༢ ཀྱིས་རང་ལུས་མེ་མཆོད་དུ་ཕུལ་ཡོད་པའི་སྐོར། བོད་འདི་རྒྱ་གར་གཙོས་དཀྱིལ་ཤར་ཨེ་ཤི་ཡའི་ནང་གལ་ཆེན་ཇི་ལྟར་ཆགས་ཚུལ། རྒྱ་གར་དབུས་ས་གཉིས་ནས་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་ཆོད་གང་མང་འཇོག་ཐབས། བོད་མི་རྣམས་ཀྱིས་རྒྱ་གར་གྱི་གནའ་བོའི་རིག་གཞུང་བདག་གཅེས་ཇི་ལྟར་གནང་ཡོད་པ། རྒྱ་གར་དབུས་སའི་གཞུང་མང་གཉིས་སྔ་ཕྱི་བར་གསུམ་དུ་བོད་མི་ཚོར་བཀའ་དྲིན་ཆེན་པོ་ཡིན་པ་སོགས་ཀྱི་ཐོག་འགྲེལ་བརྗོད་གནང་བ་དང་ཆབས་ཅིག་དཔོན་རིགས་རྣམས་རྡ་ས་བཞུགས་སྒར་དུ་ཕེབས་གནང་ཡོང་རྒྱུའི་རེ་སྐུལ་ཡང་ཞུས་གནང་ཡོད་འདུག

མདོར་ན་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ཧར་ཡ་ན་དང་པཎ་ཇབ་མངའ་སྡེ་གཉིས་ཀྱི་ནང་འདས་པའི་ཉིན་ ༦ རིང་རྒྱལ་ས་ཅན་རྡི་སྒར་དང་། ཇ་ལན་དྷར། ཨམ་རེཏ་སར་ཁུལ་དུ་ཡོད་པའི་སྲིད་དོན་ཚོགས་པ་ཁག་གི་ལས་ཁུངས་སུ་བཅར་བ་སོགས་ལས་དོན་གལ་ཆེ་མི་འདྲ་བ་ཁག་ ༡༢ དང་། གསར་འགོད་ལྷན་ཚོགས་ཐེངས་ ༡། གསར་འགོད་པའི་བཅར་འདྲི་ཐེངས་ ༢། ཧར་ཡ་ན་མངའ་སྡེའི་སྲིད་སྐྱོང་མཆོག པཎ་ཇབ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག མངའ་སྡེའི་གཉིས་ཀྱི་བློན་ཆེན་ ༥། བློན་ཆེན་ཟུར་པ་ ༡། དབུས་གྲོས་ཚོགས་འཐུས་མི་ ༠༢། དབུས་གྲོས་ཚོགས་འཐུས་མི་ཟུར་པ་ ༠༢། ས་གནས་མངའ་སྡེ་གཉིས་ཀྱི་གྲོས་ཚོགས་འཐུས་མི་ ༡༡།  གཞུང་འབྲེལ་གནད་ཡོད་མི་སྣ་ ༥། གཞུང་འབྲེལ་མིན་པའི་མི་སྣ་གལ་ཆེན་ ༡༨། བཅས་ཁྱོན་བསྡོམས་མི་སྣ་གལ་ཆེན་ ༤༦ མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་ཡོད་འདུག

དེ་བཞིན་ཧར་ཡ་ན་དང་པཎ་ཇབ་མངའ་སྡེ་གཉིས་ཀྱི་ནང་བོད་དོན་ཞུ་སྐུལ་རེ་ཞིག་ལེགས་པར་མཇུག་བསྒྲིལ་རྗེས། ཕྱི་ཚེས་ ༡༦ ཉིན་ནས་ཇ་མུ་ཀ་ཤི་མུར་ནང་བོད་དོན་ཞུ་སྐུལ་འགོ་བཙུགས་གནང་ཡོད་པ་བཅས། །