བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་གསུམ་པའི་ཉིན་གསུམ་པའི་གནས་ཚུལ།

[envira-gallery id=”13786″]ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༡༦ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་ཀྱིས་གྲོས་ཚོགས་དབུ་འཛུགས་གནང་སྟེ། ལས་རིམ་ནང་གསལ་ལྟར་ཐོག་མར་དྲི་བ་དྲིས་ལན་གྱི་དུས་ཚོད་མེད་པ་དཔལ་ལྡན་ཚོགས་གཙོ་མཆོག་ནས་གསུང་གནང་ཡོད། དེ་ནས་རིམ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་གོ་རིམ་བཞིན་སྔོན་རྩིས་ཐོག་བགྲོ་གླེང་དང་། གཏན་འབེབས་གནང་ཡོད་པ་རེད།
ཉིན་རྒྱབ་ཕྱག་ཚོད་ ༡།༣༠ ཐོག་དཔལ་ལྡན་ཚོགས་གཞོན་ཨ་ཅཱ་རྱ་ཡེ་ཤེས་ཕུན་ཚོགས་མཆོག་དབུ་བཞུགས་ཐོག་ལས་རིམ་མུ་མཐུད་ནས་་གོ་རིམ་ཐོག་ཕྱི་དྲིལ་ལས་ཁུངས་ཁྱབ་ཁོངས་བཅས་དང་། འོས་བསྡུ། དེ་བཞིན་ལས་བྱེད་འདེམས་ལྷན་བཅས་ཀྱི་སྔོན་རྩིས་ཐོག་བགྲོ་གླེང་དང་། གཏན་འབེབས་གནང་ཡོད་པའི་གནས་ཚུལ་དུ།།