བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་བོད་དོན་ཞུ་སྐུལ་མུ་མཐུད་སྤེལ་བཞིན་པ།

རྒྱ་གར་དབུས་གཞུང་གི་ཁྲིམས་ཀྱི་བློན་ཆེན་སྐུ་ཞབས་ཀི་རེན་རེ་ཇི་ཇུ་མཆོག 

༄༅། ། རྒྱ་གར་རྒྱལ་ས་ལྡི་ལིར་དགུན་ཁའི་གྲོས་ཚོགས་འཚོགས་བཞིན་པའི་སྐབས་དང་བསྟུན། ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༡༥ ཉིན་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་དང་། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་མཆོག་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་རྒྱལ་ས་ལྡི་ལིར་རྒྱ་གར་དབུས་གཞུང་གི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་དང་། ཕྱི་རྒྱལ་གཞུང་ཚབ་སོགས་གནད་ཡོད་མི་སྣ་ཁག་ཅིག་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གྱི་ལས་འགུལ་མུ་མཐུད་སྤེལ་བཞིན་ཡོད།

རྒྱ་གར་གྲོས་ཚོགས་འོག་མའི་ལ་དྭགས་ཀྱི་འཐུས་མི་སྐུ་ཞབས་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་མཆོག

དེ་ཡང་ཕྱི་ཚེས་ ༡༥ བོད་དོན་ཞུ་སྐུལ་གྱི་ཉིན་གཉིས་པར། བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་སྔ་དྲོ་ཆུ་ཚོད་ ༡༠།༣༠ ནས་དགོང་དྲོ་ཆུ་ཚོད་ ༧།༠༠ བར་རིམ་པས་རྒྱ་གར་གྲོས་ཚོགས་འོག་མའི་ཡུ་པི་མངའ་སྡེའི་འཐུས་མི་སྐུ་ཞབས་ཨ་ཇེ་ནི་ཤད་ (Shri Ajay Nishad, Member of the Lok Sabha) མཆོག་དང་།

རྒྱ་གར་གྲོས་ཚོགས་འོག་མའི་ཡུ་པི་མངའ་སྡེའི་འཐུས་མི་སྐུ་ཞབས་ཨ་ཇེ་ནི་ཤད་མཆོག

རྒྱ་གར་གྲོས་ཚོགས་འོག་མའི་ཡུ་པི་མངའ་སྡེའི་འཐུས་མི་ལྕམ་སྐུ་མ་ནེ་ཀ་གྷན་དཱི་ (Smt. Maneka Gandhi, Member of the Lok Sabha) མཆོག

རྒྱ་གར་གྲོས་ཚོགས་འོག་མའི་ཡུ་པི་མངའ་སྡེའི་འཐུས་མི་སྐུ་ཞབས་ཝ་རུན་གྷན་དཱི་མཆོག

རྒྱ་གར་གྲོས་ཚོགས་འོག་མའི་ཡུ་པི་མངའ་སྡེའི་འཐུས་མི་སྐུ་ཞབས་ཝ་རུན་གྷན་དཱི་ (Shri Varun Gandhi, Member of the Lok Sabha) མཆོག རྒྱ་གར་གྲོས་ཚོགས་འོག་མའི་ལ་དྭགས་ཀྱི་འཐུས་མི་སྐུ་ཞབས་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་མཆོག རྒྱ་གར་དབུས་གཞུང་གི་ཁྲིམས་ཀྱི་བློན་ཆེན་སྐུ་ཞབས་ཀི་རེན་རེ་ཇི་ཇུ་ (Shri Kiren Rijiju, Minister of Law and Justice of India) མཆོག རྒྱ་གར་གྲོས་ཚོགས་འོག་མའི་བྷི་ཧར་མངའ་སྡེའི་འཐུས་མི་སྐུ་ཞབས་མོ་ཧཱ་མཱད་ཇཱ་ཝེད་ (Dr. Mohammad Jawed, Member of the Lok Sabha) མཆོག་བཅས་དང་ལྷན་སོ་སོར་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་བ་དང་།

རྒྱ་གར་གྲོས་ཚོགས་འོག་མའི་ཡུ་པི་མངའ་སྡེའི་འཐུས་མི་ལྕམ་སྐུ་མ་ནེ་ཀ་གྷན་དཱི་མཆོག 

དགོང་མོ་ཆུ་ཚོད་ ༨ པའི་ཐོག་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་དང་། རྒྱ་གར་དབུས་གཞུང་སྤྱི་ཚོགས་དྲང་བདེན་དང་ནུས་སྟོབས་གོང་སྤེལ་གྱི་བློན་ཆེན་སྐུ་ཞབས་རཱམ་ད་སི་ཨ་ཐ་ཝཱ་ལེ་ (Shri Ramdas Athawale, Ministry of Social Justice and Empowerment) མཆོག་གིས་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་རྣམ་པར་དགོང་མོའི་གསོལ་སྟོན་བཤམས་པ་དང་། དེའི་སྐབས་བོད་དོན་རྒྱབ་སྐྱོར་དང་འབྲེལ་བའི་བཀའ་བསྡུར་གནང་ཡོད།

རྒྱ་གར་དབུས་གཞུང་སྤྱི་ཚོགས་དྲང་བདེན་དང་ནུས་སྟོབས་གོང་སྤེལ་གྱི་བློན་ཆེན་སྐུ་ཞབས་རཱམ་ད་སི་ཨ་ཐ་ཝཱ་ལེ་མཆོག

གཞན་ཡང་དེ་ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་ཡུན་རིང་ནས་འབྲེལ་བ་ཡོད་པའི་འཇར་མན་རོགས་ཚོགས་ (FNF) ལྷོ་ཤར་ཨེ་ཤི་ཡ་སྡེ་ཚན་གྱི་འགན་འཛིན་སྐུ་ཞབས་ཀཱར་སི་ཊེན་ ཀེ་ལེན་ (Dr. Carsten Klein, Head of Regional Office South Asia,FNF) མཆོག་དང་ལྷན་མཇལ་འཕྲད་ཀྱིས། བཙན་བྱོལ་བོད་མིའི་མང་གཙོ་ཡར་རྒྱས་གཏོང་ཕྱོགས་དང་། བོད་ནང་གི་གནས་སྟངས་སྐོར་ལ་བཀའ་བསྡུར་གནང་ཡོད་འདུག

འཇར་མན་རོགས་ཚོགས་ (FNF) ལྷོ་ཤར་ཨེ་ཤི་ཡ་སྡེ་ཚན་གྱི་འགན་འཛིན་སྐུ་ཞབས་ཀཱར་སི་ཊེན་ ཀེ་ལེན་མཆོག་

བོད་དོན་ཞུ་སྐུལ་གྱི་ལས་འགུལ་སྤེལ་སྐབས་སྤྱི་འཐུས་རྣམ་པས་གཙོ་བོ་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོ་ཡོང་ཐབས་དང་། དེ་བཞིན་བོད་མི་རིགས་ཀྱི་ངོ་བོ་དང་རིག་གཞུང་མུ་མཐུད་རྒྱུན་གནས་ཆེད་རྒྱལ་སྤྱིའི་ཐོག་ཏུ་བོད་དོན་གླེང་སློང་ཡོང་བར་རྒྱ་གར་གཞུང་གིས་ཐུགས་འགན་གཙོ་བོ་བཞེས་དགོས་པའི་འབོད་སྐུལ་དང་། རྒྱལ་སྤྱིའི་དབུ་ཁྲིད་རྣམ་པ་མཉམ་འབྲེལ་གྱི་ཐོག་ནས་བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་། ཆོས་དད་རང་དབང་ལ་རྒྱབ་སྐྱོར། ༧གོང་ས་མཆོག་གི་སྐུ་ཚབ་དང་། རྒྱ་ནག་གཞུང་གི་དབར་ཞི་མོལ་ཡོང་ཐབས།

རྒྱ་གར་གྲོས་ཚོགས་འོག་མའི་བྷི་ཧར་མངའ་སྡེའི་འཐུས་མི་སྐུ་ཞབས་མོ་ཧཱ་མཱད་ཇཱ་ཝེད་མཆོག

མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་དང་ཁོར་ཡུག་གི་ཚོགས་འདུ་སོགས་ཀྱི་ཐོག་བོད་ཀྱི་རང་བྱུང་ཁོར་ཡུག་གིས་རྒྱལ་སྤྱིའི་ཐོག་ལ་ཤུགས་རྐྱེན་གང་འདྲ་ཐེབས་ཀྱི་ཡོད་མེད་ཐད་ཚན་རིག་དང་མཐུན་པའི་ཞིབ་འཇུག་ཡོང་ཐབས་བཅས་ཀྱི་སྐོར་རྒྱབ་སྐྱོར་དང་། བོད་ནང་གི་བོད་མི་རྣམས་ལ་ཚད་ལས་བརྒལ་བའི་སྡུག་སྦྱོང་མནར་གཅོད་གཏོང་བཞིན་པར་གདུང་སེམས་མཉམ་བསྐྱེད་མཚོན་སླད། དགུན་དུས་ཨོ་ལིམ་པིག་རྩེད་འགྲན་ལ་གཞུང་འབྲེལ་མཛད་གཙོ་རྣམས་མཉམ་ཞུགས་མི་གནང་བའི་འབོད་སྐུལ་བཅས་ཞུས་གནང་ཡོད་འདུག

ཐེངས་འདིའི་བོད་དོན་ཞུ་སྐུལ་ནི་ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༡༤ ནས་དངོས་སུ་འགོ་འཛུགས་ཏེ། ཚེས་ ༢༣ བར་ཉིན་གྲངས་བཅུའི་རིང་གནང་རྒྱུ་ཡིན་པ་དང་། ཞུ་སྐུལ་སྐབས་ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་བསྟན་འཛིན་གསལ་སྒྲོན་ལགས་དང་། འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་ཆོས་ཉིད་ཚེ་རིང་ལགས་རྣམ་གཉིས་མཉམ་བཅར་ཞུས་གནང་ཡོད་པ་བཅས། །