༄༅། །བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་རྒྱུན་ལས་ཚོགས་ཆུང་དང་པོ།

IMG_0928IMG_0929IMG_0933IMG_0935

༄༅། །བཅའ་ཁྲིམས་དོན་ཚན་ཞེ་གཉིས་པའི་ནང་གསེས་ ༡ ནང་། སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་མ་འཚོགས་པའི་སྐབས་རྒྱུན་ལས་ཚོགས་ཆུང་ཞིག་དགོས་པར་ཆོལ་ཁ་རེ་ནས་སྤྱི་འཐུས་གཉིས་རེ་དང། ཆོས་བརྒྱུད་རེ་ནས་སྤྱི་འཐུས་རེ་བཅས་གོང་གསལ་ཁུངས་སོ་སོས་འོས་བསྡུའམ། ཡང་ན་དམིགས་འཛུགས་གང་འོས་སྟབས་བསྟུན་བྱ་རྒྱུ་དང་། ལོ་རེའི་མཚམས་ནས་བསྐྱར་འདེམས་བྱ་རྒྱུ་ཞེས་གསལ་དོན་བཞིན། ལོ་ལྟར་ཕྱི་ཟླ་ ༦ པའི་ཚེས་ ༡ ཉིན་རྒྱུན་ལས་འཕོ་ལེན་གནང་བཞིན་ཡོད་པ་དང་། ཉེ་སྔོན་བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་སྤྱི་འཐུས་རྣམ་པ་མཛད་འཁུར་དམ་འབུལ་དང། ཚོགས་གཙོ་སྦྲེལ་པོ་དམ་འབུལ་རྗེས་རྒྱུན་ལས་ཚོགས་ཆུང་གི་ཚོགས་མི་ཐུགས་གཏན་འཁེལ་ཡོད་པ་མ་ཟད། བོད་མི་མང་སྤྱི་འཐུས་རྒྱུན་ལས་ཚོགས་ཆུང་གི་སྒྲིག་གཞི་དོན་ཚན་དྲུག་པའི་དགོངས་དོན་ལྟར། ཚོགས་གཙོ་བགྲེས་གཞོན་རྣམ་གཉིས་ཕུད། རྒྱུན་ལས་གཞན་རྣམ་པ་སྡེ་ཚན་གསུམ་ལ་ལས་བགོས་གནང་བ་བཞིན།

             ཆབ་སྲིད་སྡེ་ཚན་དུ།

༡༽     སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག།

༣༽    སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག།

༣༽    སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག།

༤༽    སྤྱི་འཐུས་དཀོན་མཆོག་ཡར་འཕེལ་མཆོག།

༥༽     སྤྱི་འཐུས་བློ་བཟང་ཆོས་འབྱོར་མཆོག།

 

             འཛིན་སྐྱོང་རྟོག་ཞིབ་སྡེ་ཚན།

༡༽     སྤྱི་འཐུས་སྒྲོལ་མ་ཚེ་རིང་མཆོག།

༢)       སྤྱི་འཐུས་རྒྱ་རིགས་ཐར་མཆོག།

 

             རྒྱུན་འབྲེལ་སྡེ་ཚན།

༡༽     སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག།

༢༽     སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག།

བཅས་སུ་ཚོགས་གཙོ་སྦྲེལ་པོ་མཆོག་གིས་ཆ་བགོས་བཀོད་ཁྱབ་གནང་ཡོད་པ་རེད།