བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་སྒང་ཏོག་ཁུལ་དུ་བོད་དོན་ཞུ་སྐུལ་ཆེད་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་འཁེལ་བ།

༄༅། །སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམས་རྒྱ་གར་མངའ་སྡེ་ཁག་ནང་མངའ་སྡེའི་སྲིད་སྐྱོང་དང་། སྤྱི་ཁྱབ་བློན་ཆེན། གྲོས་ཚོགས་ཚོགས་གཙོ། མངའ་སྡེའི་གྲོས་ཚོགས་འཐུས་མི་སོགས་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་རྒྱུའི་ལས་རིམ་ཡོད་པ་ལྟར། ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ནས་ ༡༡ བར་སྤྱི་འཐུས་ཟླ་བ་ཕུན་སྐྱིད་མཆོག་དང་། སྤྱི་འཐུས་བ་ར་ཚེ་དབང་བཀྲ་ཤིས་མཆོག སྤྱི་འཐུས་བློ་བཟང་ཆོས་འབྱོར་མཆོག སྤྱི་འཐུས་དབྲ་རྩ་བསོད་ནམས་ནོར་བུ་མཆོག་བཅས་ཀྱིས་རྒྱ་གར་འབྲས་ལྗོངས་མངའ་སྡེའི་རྒྱལ་ས་སྒང་ཏོག་ཁུལ་དུ་བོད་དོན་ཞུ་སྐུལ་ཆེད་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་འཁེལ་ཡོད།

དེ་ཡང་སྤྱི་འཐུས་རྣམ་པ་ཕྱི་ཟླ་ ༡༠ ཚེས་ ༣ ཉིན་སོ་སོའི་བཞུགས་གནས་ནས་ལྡི་ལིར་ཕེབས་ཐོན་གནང་ཡོད་པ་དང་། ཕྱི་ཚེས་ ༤ ཉིན་ལྡི་ལི་ནས་སྦག་ཌོ་ར་ཕེབས་ཐོན་གནང་རྒྱུ། ཕྱི་ཚེས་ ༥ ནས་ ༩ བར་སྒང་ཏོག་ནང་བོད་དོན་ཞུ་སྐུལ་གནང་རྒྱུ་དང་། ཕྱི་ཚེས་ ༡༠ ཉིན་སྦག་ཌོ་ར་ནས་ལྡི་ལིར་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས། །