བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ལྕམ་སྐུ་ཨེ་ལེ་སན་རེ་ནོལ་མཆོག་ཕེབས་གནང་བ།

DSC05112

 

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་སྤྱི་ཁྱབ་འགན་འཛིན་ལྕམ་སྐུ་ཨེ་ལེ་སན་རེ་ནོལ་མཆོག་དང་། ཚོགས་པའི་རྒྱུན་ལས་སྐུ་ཚབ་ཁག་ཅིག་སྔ་དྲོ་ཕྱག་ཚོད་ ༡༠།༠༠ པའི་ཐོག་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་སུ་ཕེབས་པར་དཔལ་ལྡན་ཚོགས་གཙོ་ཚོགས་གཞོན་རྣམ་གཉིས་ནས་སྣེ་ལེན་མཇལ་འཕྲད་གནང་བ་དང་། ཕན་ཚུན་དགོངས་ཚུལ་བརྗེ་ལེན་ཕྱག་ཚོད་གཅིག་ལྷག་རིང་གནང་ཡོད། དེ་རྗེས་ཁོང་རྣམས་ལ་འཚམས་འདྲིའི་ཕྱག་རྟགས་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དཔེ་དེབ་ཁག་ཅིག་འབུལ་གནང་མཛད་པའི་གནས་ཚུལ་དུ།།