བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་གསུམ་པའི་ལས་ཉིན་མཐའ་མའི་གནས་ཚུལ།

IMG_8081

ཕྱི་ལོ ༢༠༡༧ ཟླ་ ༣ ཚེས་ ༢༥ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་ཀྱིས་གྲོས་ཚོགས་ཀྱི་ལས་ཉིན་བཅུ་གཅིག་པ་དབུ་འཛུགས་གནང་སྟེ། ཐོག་མར་ཚོགས་གཙོ་མཆོག་ནས་དྲི་བ་དྲི་ལན་གྱི་དུས་ཚོད་མེད་གསུངས་པ་དང་སྦྲགས། གཞུང་འབྲེལ་གྲོས་ཆོད་གྲོས་འཆར་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་ནས་འདོན་གནང་སྟེ། རྒྱབ་སྐྱོར་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག་ནས་གནང་ཡོད།

IMG_8084

རྩིས་ལོ་ ༢༠༡༦་་་༡༧ ལོའི་བསྐྱར་བཅོས་གཏོང་ལེན་དཔལ་ལྡན་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་ནས་སྙན་སྒྲོན་གནང་སྟེ། འཆར་རྩིས་ཚོགས་ཆུང་གི་ཚོགས་གཙོ་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་ནས་རྒྱབ་སྐྱོར་གནང་ཡོད། སླར་ཡང་རྩིས་ལོ་ ༢༠༡༧་་་༡༨ ལོའི་གཏོན་ལེན་ཁྲིམས་ཡིག་དཔལ་ལྡན་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་ནས་སྙན་སྒྲོན་གནང་སྟེ།

IMG_8072

ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་གཙོ་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་གི་རྒྱབ་སྐྱོར་གནང་ཡོད། དེ་རྗེས་ཚོགས་དྲུང་མཆོག་ནས་སྤྱི་འཐུས་རྣམ་གྱི་དགོངས་ཤོག་སྙོན་སྒྲོན་གནང་རྗེས།

IMG_8080

དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་ཚོགས་འདུའི་མཇུག་བསྡོམས་གསུང་བཤད་གནང་ཡོད་པའི་གནས་ཚུལ་དུ།།

IMG_8095