བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་གསུམ་པའི་ལས་ཉིན་བདུན་པའི་གནས་ཚུལ།

IMG_7984

ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༢༡ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཞོན་ཨ་ཅཱ་རྱ་ཡེ་ཤེས་ཕུན་ཚོགས་མཆོག་དབུ་བཞུགས་ཀྱིས་གྲོས་ཚོགས་ཀྱི་ལས་ཉིན་བདུན་པ་དབུ་འཛུགས་གནང་སྟེ། ཐོག་མར་ཚོགས་གཞོན་མཆོག་ནས་དྲི་བ་དྲིས་ལན་གྱི་དུས་ཚོད་མེད་པ་ཡིན་གསུངས་པ་དང་སྦྲགས། ལས་ཉིན་སྔོན་མའི་ལས་རིམ་འཕྲོ་སྐྱོང་འཕྲོད་བསྟེན་ལས་ཁུངས་ཀྱི་སྔོན་རྩིས་ཐོག་བགྲོ་གླེང་དང་། གཏན་འབེབས་གནང་གྲུབ་རྗེས་ཆོས་རིག་ལས་ཁུངས་ཀྱི་སྔོན་རྩིས་ཐོག་བགྲོ་གླེང་དང་། གཏན་འབེབས་གནང་མུས་ཡིན་པའི་གནས་ཚུལ་དུ།།