བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དཔལ་ལྡན་ཚོགས་གཞོན་མཆོག་ཆོས་ལུགས་མཐུན་སྒྲིལ་ཆོགས་འདུར་བཅར་བ།

[envira-gallery id=”13713″]ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༡༠ ཉིན་གྱི་གསུམ་བཅུའི་དུས་དྲན་གྲུབ་བསྟུན་རྡ་ས་ནས་དཔལ་ས་སྐྱའི་ཁྲི་རབས་ཞེ་གཅིག་པ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་བསྟན་བཞུགས་བསྟར་འབུལ་ཞུ་སྐབས་དཔལ་ལྡན་ཚོགས་གཞོན་ཨ་ཅཱ་རྱ་ཡེ་ཤེས་ཕུན་ཚོགས་མཆོག་མཉམ་ཞུགས་གནང་ཡོད། དེ་ནས་ཕེབས་ཐོན་གནང་སྟེ་ཧར་ཡ་ན་གྲོང་ཁྱེར་ཀར་ནལ་དུ་ཕྱི་དྲོ་འབྱོར་ནས་རྒྱ་གར་ཆོས་ལུགས་མཐུན་སྒྲིལ་ཚོགས་འདུར་བཅར་ཏེ་མཉམ་ཞུགས་གནང་ཡོད། ཕྱི་ཚེས་ ༡༢ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༠༠ པ་ནས་ ༢།༠༠ བར་སྐུ་ཞབས་ Manorhar lal Khattar Ji མཆོག་གི་གཏན་གནས་ཁང་དུ་རྒྱ་གར་ནང་ཆོས་ལུགས་དྲུག་གི་བླ་ཆེན་ཁག་དང་། དེ་བཞིན་ཧར་ཡ་ན་མངའ་སྡེའི་དབུ་འཛིན་ Kaptain Singh Ji མཆོག་དང་། ཧི་མ་ཅལ་མངའ་སྡེའི་སྲིད་དབུ་འཛིན་ Shri. Acharya Dev Virat Ji མཆོག་བཅས་ལ་དཔལ་ལྡན་ཚོགས་གཞོན་ཨ་ཅཱ་རྱ་ཡེ་ཤེས་ཕུན་ཚོགས་མཆོག་ནས་ངོ་སྤྲོད་དང་། འཚམས་དྲིའི་ཕྱག་རྟགས་བཅས་འབུལ་གནང་མཛད། ཚོགས་འདུའི་ཐོག་ཆོས་ལུགས་སོ་སོའི་ལྟ་སྤྱོད་དང་མཐུན་པའི་གསུང་བཤད་སྩལ་རྒྱུའི་གོ་སྐབས་ཡོད་པར་ལྟར། དཔལ་ལྡན་ཚོགས་གཞོན་མཆོག་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་། རིག་གཞུང་གལ་ཆེ་ཡིན་པའི་གསུང་བཤད་གནང་ཡོད་པའི་གནས་ཚུལ་སྙིང་བསྡུས་སུ།།