བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དཔལ་ལྡན་ཚོགས་གཞོན་མཆོག་དང་། རྒྱུན་ལས་ཁག་གཅིག་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དབུ་བརྙེས་ནས་ལོ་ངོ་ཉི་ཤུ་རྩ་གཅིག་འཁོར་བའི་མཛད་སྒོའི་ཐོག་སྐུ་མགྲོན་དུ་ཕེབས་པ།

IMG_7533ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༩ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༨།༤༥ ཐོག་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དབུ་བརྙེས་ནས་ལོ་ངོ་ཉི་ཤུ་རྩ་གཅིག་འཁོར་བའི་མཛད་སྒོར་བཅར་གནང་ཡོད། ནོར་གླིང་བདེ་ལྡན་གཙུག་ལག་ཁང་དུ་སྐུ་མགྲོན་གཙོ་བོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དཔལ་ལྡན་ཚོགས་གཞོན་ཨ་ཅཱ་རྱ་ཡེ་ཤེས་ཕུན་ཚོགས་མཆོག སྤྱི་འཐུས་རྒྱུན་ལས་ཁག་གཅིག ཚོགས་དྲུང་དང་། དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ལས་བྱེད་བཅས་ཚང་འཛོམས་གནང་ཡོད།

IMG_7559

དེ་ཡང་མཛད་རིམ་ནང་གསལ་ལྟར་དཔལ་ལྡན་ཚོགས་གཞོན་མཆོག་ནས་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་ནས་གོ་སྒྲིག་གནང་པའི་ནོར་གླིང་ལས་བྱེད་ཞབས་ལོ་བཅུ་འཁོར་བ་རྣམས་ལ་གཟེངས་རྟགས་ཕུལ་གནང་ཡོད། དེ་ནས་ནོར་གླིང་ངེས་སྟོན་པ་བཀའ་བློན་ཁྲི་ཟུར་སྐལ་བཟང་ཡེ་ཤེས་མཆོག་ནས་གསུང་བཤད་གནང་བ་དང་། མཇུག་ཏུ་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དབུ་བརྙེས་པའི་མཛད་སྒོ་དང་འབྲེལ་བའི་ཐོག་བཀའ་སློབ་བཀའ་དྲིན་གནང་གྲུབ་བསྟུན། རྒྱུད་སྟོད་དགེ་འདུན་པ་རྣམས་ནས་བདེན་ཚིག་སྨོན་ལམ་གསུང་འདོན་གནང་བ་དང་མཛད་སྒོ་རྒྱལ་ཁའི་ངང་གྲོལ་སོང་བའི་གནས་ཚུལ་སྙིང་བསྡུས་སུ།།

IMG_7540