བོད་མི་མང་སྤྱི་འཐུས་ལྷན་ཁང་གི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ཤྲི་ན་གར་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།

ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ཤྲི་ན་གར་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ཤྲི་ན་གར་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ཤྲི་ན་གར་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ཤྲི་ན་གར་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།
ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༡༤ ཉིན་ཤྲི་ན་གར་སློབ་གྲྭ་རུ་ (Tibetan Public School)  སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་གནང་མཛད་པར་། སློབ་གྲྭའི་འགན་འཛིན་ལྷན་ཚོགས་དང། བོད་རིགས་ཁ་ཆེའི་གཞོན་ནུའི་མཐུན་ཚོགས་གཉིས་ནས་སློབ་གྲྭ་རུ་ཕེབས་བསུའི་སྣེ་ལེན་གྲ་རྒྱས་ཤིག་གོ་སྒྲིག་གནང་བར། བཀུར་འོས་ཀྱི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཨོ་མར་ཨབ་དྷུ་ལ་ Mr. Omar Abdulla མཆོག་དང་རིག་གཞུང་དང་ཡུལ་སྐོར་སྤྲོ་འཆམ་གྱི་བློན་ཆེན་སྐུ་ཞབས་ཇོར་པ་ངག་དབང་རིག་འཛིན་མཆོག མངའ་སྡེའི་ནང་སྲིད་བློན་ཆེན་མཆོག གཞན་ཡང་མངའ་སྡེའི་གནད་ཡོད་མི་སྣ་མང་པོ་ཕེབས་པ་ལྟར། བོད་མི་མང་སྤྱི་འཐུས་ལྷན་ཁང་གི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ཀྱང་སྐུ་མགྲོན་དུ་མགྲོན་འབོད་གནང་བར་ཚོགས་གཙོ་མཆོག་འདི་ཟླའི་ཚེས་ ༡༣ ཉིན་རྡ་ས་ནས་ཕེབས་ཐོན་གནང་སྟེ་མཛད་སྒོ་ཁག་ལ་མཉམ་ཞུགས་གནང་ཡོད་པ་མ་ཟད། གནད་ཡོད་མི་སྣ་དང་ལྷན་མཇལ་འཕྲད་དང་ཤྲི་ན་གར་ཁ་ཆེ་བོད་རིགས་མི་མང་ལ་བོད་ཀྱི་རྩ་དོན་དང་འབྲེལ་བའི་ལམ་སྟོན་བཀའ་སློབ་གནང་ཡོད་པ་རེད།།